ཨ་རི་དང་ཉི་ཧོང་གི་འབྲེལ་ལམ་སྔར་བས་གནད་འགག་ཆེ་བ་ཡིན།

རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་ཨ་རི་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་དེ་བས་གནད་འགག་ཆེ་བ་ཡིན་པའི་སྐོར།

2009.10.15

༄༅༎རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་ཨ་རི་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་དེ་བས་གནད་འགག་ཆེ་བ་ཡིན་པའི་སྐོར་ཉི་ཧོང་གི་བློན་ཆེན་ཞིག་ནས་གསུངས་པའི་གནས་ཚུལ་ཐོན་འདུག

ཉི་ཧོང་ནང་དམངས་གཙོ་ཚོགས་པའི་གཞུང་གསར་པའི་ཐོག་ནས་ཉི་ཧོང་དང་ཨ་རི་གཉིས་དབར་ཆ་སྙོམ་ལྡན་པའི་འབྲེལ་ལམ་གྱི་ངོ་བོ་བཟུང་དགོས་དོན་གྱི་ལངས་ཕྱོགས་གསལ་སྟོན་བྱས་པ་དང་ཆབས་ཅིག་ཨ་རི་གཞུང་གིས་རྒྱ་ནག་དང་མཐུན་འབྲེལ་དམ་ཟབ་གཏོང་བའི་སྲིད་ཇུས་སོགས་ལ་བརྟེན་ཉི་ཧོང་དང་ཨ་རི་གཉིས་དབར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཐུན་འབྲེལ་གྱི་སྲིད་ཇུས་ལ་དོ་ཕོག་ཡོང་སྲིད་པར་མང་པོས་བློ་དོགས་ཡོད་པ་རེད། བདུན་ཕྲག་རྗེས་མ་ཨ་མི་རི་ཀའི་བདེ་སྲུང་དྲུང་ཆེ་རཱོ་སྦ་ཊེ་གེཊ་སི་ཉི་ཧོང་ནང་གཞུང་དོན་ཕྱོགས་སྐྱོད་གནང་རྒྱུའི་སྔོན་ཚུད་དུ་དེ་རིང་ཉི་ཧོང་གི་བདེ་སྲུང་བློན་ཆེན་ཀ་ཊ་ཛ་ལྦ་ཡིས་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་འགྲོ་བའི་དུས་ཚོད་དེར་ཨ་རི་དང་ཉི་ཧོང་དབར་གྱི་འབྲེལ་ལམ་གྱི་གནད་འགག་ད་དུང་ཆེ་རུ་འགྲོ་རྒྱུ་ལས་འབྲེལ་ལམ་ཉམ་ཆགས་འགྲོ་རྒྱུའི་བློ་དོགས་གང་ཡང་མེད་པའི་སྐོར་གསལ་སྟོན་གནང་བཞག སྐུ་ཞབས་ཀ་ཊ་ཛ་ལྦས་གསུངས་ན་རྒྱ་ནག་གི་མཚོ་དམག་དང་གནམ་དམག་སྒྲིག་འཛུགས་རྒྱ་སྐྱེད་གཏོང་བཞིན་པའི་གནས་ཚུལ་དངོས་ལྡན་ཡིན་ཡང་རྒྱ་ནག་གི་དམིགས་ཡུལ་ཇི་ཡིན་ང་ཚོས་ཁ་གསལ་ཤེས་རྟོགས་མེད་ དེར་བརྟེན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་དུ་རྒྱ་ནག་གི་དྲག་པོའི་དམག་ཤུགས་ཀྱི་ནུས་པ་མངོན་གསལ་དོད་རུ་འགྲོ་དུས་དེ་ཁུལ་གྱི་རྒྱལ་ཁབ་མང་པོ་ཞིག་ལ་ཉེན་ཚབས་སློང་སྲིད་པ་རེད། གནས་སྟངས་འདིའི་འོག་ཉི་ཧོང་དང་ཨ་རི་གཉིས་ཀྱི་འབྲེལ་ལམ་དེ་ད་དུས་གཏིང་ཟབ་དང་གནད་འགག་ཆེ་རུ་འགྲོ་རྒྱུ་ཡིན་སྐོར་འགྲེལ་བརྗོད་བྱས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎