རྒྱ་ནག་གཞུང་གིས་ཚོང་པ་ཕྱུག་བདག་མཱ་ཡོན་གྱི་ཚོང་གཉེར་ཁང་གི་ལས་དོན་སྤེལ་ཕྱོགས་ལ་འགྱུར་བ་བཏང་འདུག

2021.04.13
རྒྱ་ནག་གཞུང་གིས་ཚོང་པ་ཕྱུག་བདག་མཱ་ཡོན་གྱི་ཚོང་གཉེར་ཁང་གི་ལས་དོན་སྤེལ་ཕྱོགས་ལ་འགྱུར་བ་བཏང་འདུག རྒྱ་ནག་གི་ཚོང་པ་ཕྱུག་བདག་མཱ་ཡོན་གྱི་གནས་ཚུལ་དང་འབྲེལ་བའི་ཟུར་ཟའི་རི་མོ།
RFA

རྒྱ་ནག་གཞུང་གིས་ཚོང་པ་ཕྱུག་བདག་མཱ་ཡོན་གྱི་ཚོང་གཉེར་ལས་ཁང་གི་ལས་དོན་སྤེལ་ཕྱོགས་ལ་འགྱུར་བ་བཏང་ནས་དངུལ་ཁང་ལྟར་ལས་དོན་སྤེལ་དགོས་པ་བཟོས་འདུག
རྒྱ་ནག་གཞུང་གིས་ཚོང་པ་ཕྱུག་བདག་མཱ་ཡོན་(Jack Ma)ལ་དབང་བའི་(Ant Group)ཞེས་པའི་ཚོང་གཉེར་ལས་ཁང་དེའི་ལས་དོན་སྤེལ་ཕྱོགས་ཐོག་འགྱུར་བ་གཏོང་དགོས་པའི་བཀའ་བཏང་ནས། ཚོང་གཉེར་ལས་ཁང་དེའི་ལས་དོན་སྤེལ་ཕྱོགས་དེ་ད་ཕྱིན་དངུལ་ཁང་ལྟར་ལས་དོན་སྤེལ་དགོས་པ་བཟོས་ཡོད་པ་རེད་འདུག
གོང་ཞུས་རྒྱ་ནག་གཞུང་གི་བཀོད་རྒྱ་དེ་རྒྱ་ནག་གཞུང་གི་དབུས་དངུལ་ཁང་ནས་བཏང་བ་དང་། (Ant Group)ཞེས་པའི་དངུལ་སྤྲོད་ལེན་དང་འབྲེལ་བའི་ཚོང་གཉེར་ལས་ཁང་དེའི་ལས་དོན་སྤེལ་ཕྱོགས་ཐོག་སྟངས་འཛིན་གྱི་ལས་དོན་དེ་དོ་ནན་དུ་གཏོང་རྒྱུ་མ་ཟད། མ་འཛུགས་དགོས་མཁོའི་ཆ་རྐྱེན་དེར་ཡང་ཚད་གཞི་བཟོས་ཡོད་པ་རེད་འདུག དེ་མ་ཟད་ཚོང་གཉེར་ལས་ཁང་དེའི་ལས་དོན་ཐོག་སྟངས་འཛིན་དང་རང་གར་ཚོང་དོན་ལས་དོན་སྤེལ་མི་འཇུག་ཆེད་འདི་ཚེས་༩རེས་གཟའ་པ་སངས་ཉིན་མ་གནས་ཨ་སྒོར་ཐེར་འབུམ་གཉིས་དང་ས་ཡ་བརྒྱད་བརྒྱ་ཐམ་པའི་དངུལ་གྱི་ཆད་པ་བཅད་ཡོད་པ་རེད། ཡིན་ནའང་ཕྱུག་བདག་(Jack Ma)ལ་དབང་བའི་ཨ་ལི་བྷ་བྷ་(Alibaba)ཞེས་པའི་ཚོང་གཉེར་ལས་ཁང་དེར་མ་འཛུགས་བྱེད་མཁན་རྣམས་ཀྱིས། ཁོང་གིས་རྒྱ་ནག་གཞུང་དང་འཕྲད་པའི་དཀའ་རྙོག་དེ་སེལ་བར་ངོས་འཛིན་གྱིས་ཁོང་གི་ཚོང་གཉེར་ལས་ཁང་གི་མ་ཤེར་གྱི་རིན་གོང་བརྒྱ་ཆ་བརྒྱད་འཕར་ཡོད་པ་རེད།
མཱ་ཡོན་(Jack Ma)ལ་དབང་བའི་(Ant Group)ཚོང་གཉེར་ལས་ཁང་དེའི་ལས་དོན་སྤེལ་ཕྱོགས་དེ་རྒྱ་ནག་གཞུང་གི་འདོད་བློ་མ་ཁེངས་བར་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་ཚོང་གཉེར་ལས་ཁང་དེའི་ཐོག་མའི་མ་ཤེར་ཚོང་འགྲེམས་ཀྱི་ལས་དོན་དེ་བཀག་འགོག་བྱས་ཡོད་པ་རེད་འདུག
དེའི་སྔོན་རྒྱ་ནག་གི་དྲ་ཐོག་ཚོང་གཉེར་ཁང་ཆེ་ཤོས་ཨ་ལི་བྷ་བྷ་(Alibaba)གསར་འཛུགས་གནང་མཁན་ཚོང་པ་ཕྱུག་བདག་མཱ་ཡོན། ན་ནིང་སྤྱི་ཟླ་༡༠བ་ཙམ་ནས་ཟླ་བ་གཉིས་ལྷག་རིང་སྤྱི་ཚོགས་ནང་མཐོང་རྒྱུ་མེད་པར་གྱུར་ཡོད་པ་རེད།
སྤྱིར་བཏང་རྒྱ་ནག་གཞུང་གིས་སྒེར་གཉེར་ཚོང་གཉེར་ལས་ཁང་ཁག་གི་ལས་དོན་སྤེལ་ཕྱོགས་ཐོག་སྟངས་འཛིན་དོ་ནན་དུ་བཏང་ནས་ལས་དོན་སྤེལ་ཕྱོགས་ཚོད་འཛིན་བྱས་ནས། ཟླ་བ་སྔོན་མའི་ནང་རྒྱ་ནག་ནང་གི་སྒེར་གྱི་ཚོང་གཉེར་ལས་ཁང་བཅུ་གཉིས་ལ་དངུལ་གྱི་ཉེས་ཆད་བཀལ་བའི་གནས་ཚུལ་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎