ཨི་སི་རེལ་གྱིས་སྒ་ཛར་རོགས་སྐྱོར་བ་བཅུ་བསད་པ།

ཨི་སི་རེལ་གྱིས་སྒ་ཛ་ཁུལ་དུ་རོགས་སྐྱོར་གྱི་དངོས་ཟོག་འོར་འདྲེན་བྱེད་མཁན་ལ་གཏོར་རྒོལ་བཏང་བའི་བྱ་སྤྱོད་ལ་སྐྱོན་བརྗོད་ཡོད་པ་རེད།

2010.05.31

༄༅༎འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་སྒ་ཛ་ཁུལ་དུ་རོགས་སྐྱོར་གྱི་དངོས་ཟོག་འོར་འདྲེན་བྱེད་མཁན་ལ་གཏོར་རྒོལ་བཏང་བའི་བྱ་སྤྱོད་ཀྱི་གནས་ཚུལ་ཤེས་རྟོགས་བྱུང་སྐབས་ཧང་སང་བ་དང་ བྱ་སྤྱོད་དེ་རིགས་སྤེལ་མཁན་ཐོག་ཁ་རྡུང་ཡང་དྲག་པོ་བཏང་བའི་སྐོར་གསར་འགོད་ལྷན་ཚོགས་ཐོག་འགྲེལ་བརྗོད་གནང་ཡོད་པ་རེད་

ཨི་སེ་རལ་གྱི་གསར་འགྱུར་རྒྱུད་ལམ་ཐོག་གནས་ཚུལ་སྤེལ་བའི་ནང་གཟའ་ཟླབའི་ཉིན་སྔ་དྲོ་ཨེ་སེ་རལ་མཚོ་ཐོག་དམག་དཔུང་གིས་སྒ་ཛ་ཁུལ་དུ་རོགས་སྐྱོར་དངོས་ཟོག་འོར་འདྲེན་བྱེད་མཁན་གྱི་གྲུ་གཟིངས་ཤིག་ལ་གཏོར་རྒོལ་བཏང་ནས་ཉུང་ཐར་ཡང་མི་གྲངས་༡༠རྐྱེན་ལམ་དུ་ཕྱིན་ཡོད་པ་དང་ མི་གྲངས་བཅུ་གྲངས་ཁ་ཤས་ལ་རྨས་སྐྱོན་ཕོག་ཡོད་ཅིང་ཨི་སེ་རལ་གྱི་མཚོ་ཐོག་དམག་དཔུང་གིས་བརྗོད་ན་ དེའི་གོང་དངོས་ཟོག་འོར་འདྲེན་བྱེད་མཁན་གྱི་རོགས་སྐྱོར་གྲུ་གཟིངས་དེ་སྒ་ཛ་ཁུལ་གྱི་གྲུ་ཁར་ཡོངས་མི་ཆོག་པའི་ཉེན་བརྡ་བཏང་བ་ཡིན་ལུགས་བརྗོད་ཀྱི་ཡོད་པ་རེད་

གོང་ཞུས་དངོས་ཟོག་དབོར་འདྲེན་བྱེད་མཁན་ཚོ་ནི་པེ་ལེ་སི་ཀྲའེན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་ཀྲུར་ཀིཤ་མི་རིགས་ཡིན་པ་དང་པེ་ལེ་སི་ཀྲིན་མི་མང་ཚོས་སྒ་ཛ་ཁུལ་དུ་དངོས་ཟོག་འོར་འདྲེན་གྱི་རོགས་སྐྱོར་ཚོགས་པ་དེ་ཡོང་རྒྱུར་དགའ་བསུའི་སྣེ་ལེན་ཞུ་རྒྱུར་འགུག་ནས་དད་ཡོད་ཀྱང་   དངོས་ཟོག་འོར་འདྲེན་གྱི་གྲུ་གཟིངས་དེ་སྒ་ཛ་ཁུལ་གྱི་མཚོ་གྲམ་དུ་འབྱོར་མ་ཐག་ཨི་སེ་རལ་མཚོ་ཐོག་དམག་དཔུང་གི་མེ་མགྱོགས་ཀྱི་གཏོར་རྒོལ་ཕོག་ནས་རོགས་སྐྱོར་བྱེད་མཁན་མི་གྲངས་བཅུ་གྲངས་ཀྱི་ཚེ་སྲོག་ཤོར་བ་དང་མི་གྲངས་བཅུ་གྲངས་ཁ་ཤས་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་བྱུང་ནས་པེ་ལེ་སི་ཀྲའེན་མི་མང་ཚོས་ཁོང་ཚོ་ཆེན་པོས་ངོ་རྒོལ་གྱི་ཁ་གཏད་གཅོག་རྒྱུ་ཡིན་ལུགས་ཀྱི་ཉེན་རྡ་བཏོང་གི་ཡོད་པ་དང་  ལྷག་པར་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་་མཆོག་གིས་རོགས་སྐྱོར་གྱི་དངོས་ཟོག་འོར་འདྲེན་བྱེད་མཁན་ཚོའི་ཐོག་གཏོར་རྒོལ་བཏང་བའི་བྱ་སྤྱོད་དེ་རིགས་ལ་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད་  

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎