རྒྱ་གཞུང་གིས་བོད་ནང་སྔ་ལོ་བཞིན་མི་ཡོང་བའི་འབད་བརྩོན།

རྒྱ་གཞུང་གིས་བོད་ནང་སྔ་ལོ་ནང་བཞིན་བོད་ས་ཡོངས་སུ་ངོ་རྒོལ་སྒེར་ལངས་མི་ཡོང་བའི་ཆེད་དུ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།

2009.02.11

༄༅༎སྔ་ལོ་ཕྱི་ཟླ་གསུམ་པའི་ནང་བོད་ས་ཡོངས་སུ་ངོ་རྒོལ་སྒེར་ལངས་བྱུང་བ་ལྟར་འདི་ལོ་མི་ཡོང་བའི་ཆེད་དུ་རྒྱ་ནག་གཞུང་གིས་བོད་ནང་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་པེ་ཅིང་ནས་ལྷ་སར་གནམ་ཐོག་བསྐྱོད་མཁན་འགྲུལ་བ་ཚོར་ཡང་དམིགས་བསལ་ཞིབ་བཤེར་བྱེད་བཞིན་ཡིན་པ་ཡིན་པ་རེད།

བོད་ཀྱི་ལོ་གསར་དང་རྒྱ་ནག་གིས་བོད་བཅིངས་འགྲོལ་བཏང་ནས་མི་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་དེར་བོད་མི་ཚོས་བསྐྱར་དུ་ཞི་བའི་ངོ་རྒོལ་བྱེད་སྲིད་པའི་དོགས་ཟོན་ཆེན་པོ་རྒྱ་ནག་དཔོན་རིགས་ཚོས་གནང་བཞིན་ཡོད་པ་རེད།

སྔ་ལོ་བོད་ས་ཡོངས་སུ་མ་གྲོས་བསམ་པ་གཅིག་མཐུན་གྱི་ངང་ནས་རྒྱ་ནག་གི་དྲག་གནོན་ལ་བོད་མི་ཚོས་ངོ་རྒོལ་བྱས་པར་རྒྱ་ནག་གཞུང་ཧ་ལས་ཧོན་ཐོར་དགོས་བྱུང་ཡོད་པར་བརྟེན་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་གཞོན་ཚེ་རིང་ཞུ་བས་སྔ་ལོའི་ཉམས་མྱོང་ལ་གཞིགས་པའི་བོད་ནང་གི་བདེ་སྲུང་ལ་བལྟ་རྟོགས་བྱ་རྒྱུ་དེ་ནི་ང་ཚོའི་ལས་འགན་ཨང་དང་པོ་དེ་ཡིན་ཞེས་བཤད་ཡོད་པ་དང་དེ་བཞིན་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གཞོན་པ་ཀའོ་བེན་ཅང་གིས་ཀྱང་འདི་ལོ་ཡང་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་དེ་འདྲ་སྤེལ་མི་སྲིད་པ་མ་རེད་ཅེས་གསུངས་ཡོད་པ་རེད།

འོན་ཀྱང་མཁས་དབང་ཚོས་རྒྱ་ནག་གཞུང་གིས་དྲག་གནོན་གནང་སྟངས་དང་ད་ལྟའི་བདེ་སྲུང་གི་གནས་སྟངས་དང་དོགས་གཞི་ཡོད་པའི་བོད་མི་ཚང་མ་འཛིན་བཟུང་བྱས་སྟངས་དེ་བཞིན་དམག་མི་དང་ཉེན་རྟོགས་མི་སྣའི་མང་ཉུང་ལ་བལྟ་ན་བོད་མི་ཚོས་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ཐུབ་རྒྱུ་ཧ་ཅང་ཁག་པོ་ཡིན་ལུགས་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎