ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་བཟོ་བསྐྲུན་གནད་དོན་གྱི་གྲོས་མོལ།

ཨི་རན་གྱིས་འབྱོར་ལྡན་རྒྱལ་ཁབ་དྲུག་དང་མཉམ་དུ་ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་བཟོ་སྐྲུན་གནད་དོན་སོགས་ཀྱི་ཐོག་གྲོས་མོལ་གནང་རྒྱུ།

2009.09.14

༄༅༎ཨི་རན་གྱིས་འཛམ་གླིང་ནང་གི་འབྱོར་ལྡན་རྒྱལ་ཁབ་དྲུག་དང་མཉམ་དུ་ཕྱི་ཟླ་བཅུ་པའི་ཚེས་གཅིག་ཉིན་ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་བཟོ་སྐྲུན་གནད་དོན་སོགས་ཀྱི་ཐོག་གྲོས་མོལ་གནང་རྒྱུའི་མོས་མཐུན་བྱུང་ཡོད་པ་ཕྱོགས་གཉིས་ཀས་དེ་རིང་གཟའ་ཟླ་བའི་ཉིན་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པ་རེད།

ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་སྲིད་ཇུས་ལས་དོན་དཔོན་རིགས་ཧ་ལྦི་ཡེར་སོ་ལ་ནཱ་དང་ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་ལས་འཆར་གྱི་འགན་འཛིན་སཱ་ཨི་རྡ་ཇ་ལི་ལི་རྣམ་གཉིས་དབར་ཞལ་པར་ཐོག་བཀའ་མོལ་བྱུང་ནས་ཨི་རན་གྱི་སྐུ་ཚབ་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཡུལ་དྲུག་གི་སྐུ་ཚབ་དབར་གྲོས་མོལ་གནང་རྒྱུའི་ཐག་གཅོད་བྱུང་བ་དང་ཨི་རན་གཞུང་གིས་ཕྱི་ཟླ་བཅུ་པའི་ནང་ཞིབ་ཕྲའི་གྲོས་མོལ་བྱ་རྒྱུར་གྲ་སྒྲིག་ཆ་ཚང་ཡོད་ལུགས་ཨི་རན་གྱི་རྡུལ་ཕྲན་ནུས་ཤུགས་བཟོ་སྐྲུན་ལས་འཆར་གྱི་འགན་འཛིན་ཇ་ལི་ལི་ནས་གསུངས་ཡོད་པ་དང་ཕྱོགས་མཚུངས་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་སྲིད་བྱུས་ལས་དོན་གྱི་དཔོན་རིགས་སཱོ་ལ་ན་ཡི་མགྲིན་ཚབ་མ་ཞིག་གིས་ཀྱང་དེ་རིང་ཞོགས་པ་འཛམ་གླིང་ཡུལ་གྲུ་དྲུག་དང་ཨི་རན་བར་ཕྱི་ཟླ་བཅུ་པའི་ནང་གྲོས་མོལ་བྱ་རྒྱུའི་ཐག་གཅོད་བྱུང་བའི་སྐོར་ཕྱིར་བསྒྲགས་གནང་ཡོད་པ་རེད། མགྲིན་ཚབ་མ་དེས་ཨི་རན་དང་གྲོས་མོལ་གནང་མཁན་གྱི་ཡུལ་གྲུ་དྲུག་པོ་དེ་དག་ནི་ཨ་རི་དང་དབྱིན་ཇི་ ཕེ་རན་སི་ འཇར་མ་ནི་ ར་ཤི་ཡ་ རྒྱ་ནག་བཅས་ཡིན་ཞིང་ཨི་རན་གཞུང་གིས་གྲོས་མོལ་གྱི་དགོས་འདུན་ཡི་གེ་གཟའ་ལྷག་པའི་ཉིན་གོང་ཞུས་ཡུལ་གྲུ་དྲུག་ལ་འབུལ་གྱི་ཡོད་པ་གསུངས་བཞག ད་ལོ་ཕྱི་ཟླ་བཞི་པའི་ནང་གོང་ཞུས་ཡུལ་གྲུ་དྲུག་གིས་ཨི་རན་དང་ལྷན་དུ་ཡུལ་དེའི་རྡུལ་ཕྲན་གྱི་ལས་འཆར་ཐོག་གྲོས་མོལ་གནང་རྒྱུའི་འབོད་སྐུལ་གནང་ཡོད་པ་དང་ཡིན་ནའི་ཨི་རན་ཕྱོགས་ནས་ཨི་རན་གྱིས་རྡུལ་ཕྲན་གྱི་ནུས་པས་གློག་སོགས་ཞི་བའི་ལས་གཞིའི་ཐོག་བེད་སྤྱོད་བྱེད་ཀྱི་ཡོད་ལུགས་ཀྱིས་རྡུལ་ཕྲན་ནུས་པའི་ལས་འཆར་མཚམས་འཇོག་ཐོག་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱས་མེད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎