ཏཱ་ལའི་བླ་མ་མཆོག་བལ་ཡུལ་ལ་གདན་ཞུ་གནང་དགོས།
2015.02.23
༧གོང་ས་མཆོག་བལ་ཡུལ་ནང་གདན་འདྲེན་ཞུ་རྒྱུ་དང་བོད་དོན་འཐབ་རྩོད་གཉིས་མཉམ་བསྲེས་གནང་ན་མི་འགྲིག་པ་ཞིག་རེད།
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་དང་ས་འབྲེལ་བལ་ཡུལ་གྱི་ཧི་མ་ལ་ཡའི་རྒྱུད་ཀྱི་ནང་བ་སྟོང་ཕྲག་མང་པོས་རྒྱལ་ས་ཀཱཐཱ་མན་ཀྲུ་ལ་རབ་གནས་ཤིང་ལུག་ལོ་གསར་ཚེས་གསུམ་ཉིན་གྱི་དགའ་སྟོན་མཛད་སྒོ་ཚོཊ་ཡོད་པ་དང་། སྐབས་དེར་བལ་ཡུལ་གྲོས་ཚོཊ་ཀྱི་འཐུས་མི་ཟུར་བ་ཨང་ཀ་ཅི་ཤར་པ་ཡིས་གཏམ་བཤད་གནང་དོན། བལ་ཡུལ་ནི་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་སའི་གནས་ཡིན་ཞིང་། དེང་དུས་ཀྱི་ནང་བའི་དབུ་ཁྲིད་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་བལ་ཡུལ་དུ་གདན་འདྲེན་ཞུ་རྒྱུ་ནི་བལ་ཡུལ་གྱི་ནང་པ་ཚོའི་རེ་སྨོན་ཉག་གཅིག་ཡིན་པས་དེར་ཐབས་ཤེས་གཏོང་དགོས་པ་ནི་བལ་ཡུལ་གྱི་ནང་པ་ཚོའི་འོས་འགན་དང་ཐོབ་ཐང་ཡིན། ༧གོང་ས་མཆོག་བལ་ཡུལ་ནང་གདན་འདྲེན་ཞུ་རྒྱུ་དང་བོད་དོན་འཐབ་རྩོད་གཉིས་མཉམ་བསྲེས་བྱས་ནས་འགོག་རྐྱེན་བཟོས་ན་མི་འགྲིག་པ་ཞིག་རེད་ཅེས་སོཊ་གསུང་པ་དང་ཆབས་གཅིག་བལ་ཡུལ་གྱི་མི་འབོར་སྤྱིའི་བརྒྱ་ཆའི་༤༠ནང་པ་ཡིན་སྐོར་ཡང་གསུང་འདུག
ལོ་གསར་ཚེས་གསུམ་ཉིན་ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་ཡུལ་མི་སྟོང་ཕྲག་མང་པོས་འཕྲུལ་རྟ་དང་། རླངས་འཁོར་སྐོར་ནས་མཆོད་རྟེན་བྱ་རུང་ཁ་ཤོར་ནས་འགོ་བཙུགས་ཏེ་བལ་ཡུལ་གྱི་རྒྱལ་ས་མཐའ་སྐོར་ཡོད་པའི་ལམ་ཆེན་སྟེང་དུ་ཆུ་ཚོད་གསུམ་ཙམ་རིང་ལ་སྐོར་བསྐྱོད་ཀྱི་བྱེད་སྒོ་རྒྱ་ཆེར་སྤེལ་ཏེ་ལོ་གསར་དུས་སྟོན་སྲུང་བརྩི་བྱས་ཡོད་པ་དང་། ཁོང་ཚོའི་རླངས་འཁོར་སྟེང་དུ་སྟོན་པའི་སྐུ་པར་དང་། ནང་བའི་གནས་ཆེན་ཁག་གི་འདྲ་པར་སོཊ་ཡོད་པ་མ་ཟད། དུང་དང་རྒྱ་གླིང་། རྔ་སྦུག་སོཊ་ཀྱི་སྒྲས་ཁེངས་ཡོད་འདུག
བོད་དང་ས་འབྲེལ་དུ་ཆགས་པའི་བལ་ཡུལ་གྱི་ཧི་མ་ལ་ཡའི་ཁུལ་དུ་གནས་བའི་དོལ་བོ་དང་གློ་བ། ཉིན་ཞང་། ཤར་པ རྟ་མང་སོགས་ནང་པའི་མི་རིགས་དེ་དག་ནི་སྐད་དང་ཡི་གེ རིག་གཞུང་གོམ་གཤིས་སོཊ་བོད་མི་རིགས་དང་གཅིག་མཚུངས་ཡིན་ཞིང་། ཁོང་ཚོས་རང་རང་སར་ལོ་གསར་དགའ་སྟོན་བྱེད་པ་མ་ཟད། ལོ་ཤས་སྔོན་རིག་གཞུང་གཅིག་དང་ཆོས་ལུཊ་གཅིག་གི་སྙིང་དོན་རྩ་བར་བཟུང་ནས་ལོ་གསར་དུས་སྟོན་ཆིག་སྒྲིལ་སྒོས་སྲུང་བརྩི་བྱེད་འགོ་བཙུགས་ཡོད་འདུག
གསར་འགོད་པ་རྡོ་རྗེ་འཚོ།