རྒྱ་གར་ནང་འཇིགས་སྐུལ་དྲག་སྤྱོད་པ་གསུམ་འཛིན་བཟུང་བྱས་པ།

རྒྱ་གར་གྱི་ཨ་ཟམ་མངའ་སྡེའི་ནང་འབར་རྫས་སྤར་མཁན་གྱི་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་མིའི་གྲས་མི་གསུམ་འཛིན་བཟུང་བྱས་ཡོད་པ་རེད།

2008.11.01

༄༅༎རྒྱ་གར་གྱི་ཨ་ཟམ་མངའ་སྡེའི་ནང་འབར་རྫས་སྤར་ནས་མི་གྲངས་བདུན་ཅུ་དོན་བདུན་རྐྱེན་ལམ་དུ་བཏང་མཁན་གྱི་འཇིགས་སྐུལ་དྲག་སྤྱོད་པའི་ཚོགས་མིའི་གྲས་མི་གསུམ་རྒྱ་གར་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་ད་ལྟའི་ཆར་མི་གསུམ་པོ་དེར་དྲི་ཞིབ་བྱས་ནས་ཁོང་ཚོས་འབར་རྫས་སྤར་ནས་འཇིགས་སྐུལ་དྲག་ལས་དེའི་ནང་རྒྱ་གར་གྱི་ཕྱི་ལོག་དང་ཡང་ན་རྒྱ་གར་གྱི་མངའ་སྡེ་གཞན་ནང་གི་འཇིགས་སྐུལ་ཤོག་ཁདང་དང་ལག་འབྲེལ་ཡོད་མེད་སོགས་ཀྱི་གནད་དོན་ཐོག་ཞིབ་འཇུག་བྱེད་བཞིན་ཡིན་པ་གཟའ་སྤེན་པའི་ཉིན་རྒྱ་གར་གྱི་གཞུང་འབྲེལ་དཔོན་རིགས་ནས་འགྲེལ་བརྗོད་གནང་བཞག རྒྱ་གར་གྱི་ཉེན་རྟོག་དཔྱད་རྟག་མི་སྣ་སྦ་སི་ཀར་མ་ཧན་ཏ་ཡིས་གསུངས་ན་གོང་ཞུས་འཛིན་བཟུང་བྱས་པའི་མི་གསུམ་པོ་དེའི་ནང་ནས་གཉིས་ཀྱིས་གཟའ་ཕུར་བུའི་ཉིན་ཨ་ཟམ་ཁུལ་དུ་འབར་རྫས་བཅུ་གསུམ་ཙམ་སྤར་བའི་གྱོད་དོན་ནང་མོ་ཊ་དང་བག་བག་བེད་སྤྱོད་བྱས་ཡོད་པར་བརྟེན་ནས་ཁོང་གཉིས་དང་འབར་རྫས་སྤར་མཁན་གྱི་དབར་འབྲེལ་བ་ཡོད་པར་དོགས་གཞི་ཡོད་སྟབས་དྲི་ཞིབ་བྱེད་བཞིན་ཡོད་པ་དང་དེ་མིན་མི་གིཅག་གིས་རང་ཉིད་ཀྱི་ལག་ཐོག་ཁ་པར་བེད་སྤྱོད་བྱས་ནས་ས་གནས་བརྙན་འཕྲིན་ལས་ཁང་ཞིག་ལ་འབར་རྫས་ཀྱི་དོན་རྐྱེན་དེ་ཁོང་ཚོའི་ཚོགས་པས་སྤེལ་བ་ཞིག་ཡིན་པ་ཁས་ལེན་བྱས་ཡོད་པར་བརྟེན་ཁོ་པ་ཡང་འཛིན་བཟུང་བྱས་ནས་དྲི་ཞིབ་བྱེད་བཞིན་པའི་སྐོར་གསུངས་བཞག ཡང་འབར་རྫས་ཀྱི་དོན་རྐྱེན་དེའི་ཐོག་ཞིབ་འཇུག་གནང་མཁན་གྱི་ཉེན་རྟོག་པས་གསུངས་ན་འབར་རྫས་ཀྱི་དོན་རྐྱེན་སྤེལ་མཁན་ཡིན་པར་ངོས་ལེན་བྱས་མཁན་གྱི་ཚོགས་པ་དེས་རང་ཉིད་ཁ་ཆེའི་བདེ་འཇགས་སྲུང་སྐྱོབས་ཟེར་བ་ཡིན་ལུགས་བརྗོད་ནས་ཁོང་ཚོའི་ཚོགས་མི་ཚོའི་དབར་ཕན་ཚུན་ཁ་པར་ཐོག་ནས་ཡིག་ཐོག་འབྲེལ་བ་བྱས་ཏེ་མ་འོངས་ད་དུང་འབར་རྫས་ཀྱི་དོན་རྐྱེན་སྤེལ་རྒྱུའི་ཉེན་བརྡ་གཏང་ཡོད་པ་གསུངས་བཞག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎