རྒྱལ་སྤྱིའི་གཞོན་ནུའི་ཚོཌ་ཆེན་ནས་བོད་རང་བཙན་ལ་རྒྱབ་སྐྱོར།
2011.08.08
༄༅༎འཛམ་གླིང་གི་རྒྱལ་ཁབ་༡༠༠་ལྷག་ནས་གཞོན་ནུའི་སྐུ་ཚབ་འཐུས་མི་སྟོང་ཕྲག་བརྒལ་བའི་རྒྱལ་སྤྱིའི་གཞོན་ནུའི་ཚོཌ་ཆེན་གྱིས་སྤྱི་མོས་ཐོག་ནས་བོད་རང་བཙན་སླར་གསོ་དགོས་པ་དང་རྒྱ་ནག་གཞུང་གིས་ཁྲིམས་འགལ་སྒོ་ནས་བོད་ཐོག་བཙན་དབང་བྱེད་མུས་ལ་ངོ་རྒོལ་སྐྱོན་བརྗོད་གནང་འདུག རྒྱལ་ཁབ་འདྲ་མིན་བརྒྱ་ལྷག་ནས་གཞོན་ནུའི་སྐུ་ཚབ་འཐུས་མི་ཡོད་པའི་International Union of Socialist Youth འམ་རྒྱལ་སྤྱིའི་སྤྱི་ཚོཌ་རིང་ལུཌ་ཀྱི་གཞོན་ནུའི་ཚོཌ་ཆེན་དེ་བཞིན་ཡོ་རོབ་ཀྱི་རྒྱལ་ཁབ་ཨོ་སི་ཀྲི་རི་ཡའི་རྒྱལ་ས་ལྦི་ཡེ་ན་ལ་ཉེ་དུས་གཟའ་འཁོར་གཅིག་རིང་གནང་བའི་ཉིན་བཞི་པ་སྟེ་ཕྱི་ཟླ་༨་ཚེས་༡ཉིན་གཞོན་ནུའི་ཚོཌ་ཆེན་ནས་བོད་རང་བཙན་སླར་གསོར་རྒྱབ་སྐྱོར་ཞུ་བཞིན་པའི་འགན་ལེན་བསྐྱར་སྣོན་གནང་བ་དང་རྒྱ་ནག་གཞུང་གིས་ཁྲིམས་འགལ་སྒོ་ནས་བོད་བཙན་བཟུང་བྱེད་བཞིན་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་སྤྱི་མོས་ཐོག་ནས་བཞག་འདུག ཡང་གྲོས་ཆོད་དེས་བོད་ནང་གི་དངོས་ཡོད་གནས་སྟངས་ཞིབ་འཇུག་བྱ་རྒྱུའི་སླད་དུ་རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་ཀྱི་དམིཌ་བསལ་སྐུ་ཚབ་བམ་ཡང་ན་རང་དབང་ལྡན་པའི་རྒྱལ་སྤྱིའི་ཚོཌ་པ་ཁག་བོད་ནང་ཕེབས་འཇུག་དགོས་པ་དང་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་པཎ་ཆེན་སྐུ་ཕྲེང་༡༡་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དབུས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་དགོས་པའི་དགོས་འདུན་བཏོན་འདུག་ རྒྱལ་སྤྱིའི་གཞོན་ནུའི་ལྷན་ཚོཌ་ཀྱི་སྐུ་ཚབ་འཐུས་མི་རྣམས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་འཁོར་ཡུག་དང་ཆོས་དང་རིག་གཞུང་ བོད་ཀྱི་སྐད་ཡིག་ཐོག་འཛིན་པའི་སྲིད་ཇུས་ཁག་ལ་སྐྱོན་བརྗོད་གནང་བ་མ་ཟད་ བོད་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་མུས་ཁག་ཕྱིར་བསྡུ་དགོས་པ་དང་རྒྱ་ནག་གཞུང་གིས་བཀའ་ཁྲོལ་མེད་པར་བོད་ཀྱི་བླ་སྤྲུལ་རྣམས་ཀྱི་ཡང་སྲིད་ངོས་འཛིན་ཞུ་མི་ཆོག་པའི་བཀའ་རྒྱ་ཨང་གྲངས་༥་ཟེར་བའི་ཁྲིམས་གཞི་ཡང་ཕྱིར་བསྡུ་དགོས་པའི་དགོས་འདུན་བཏོན་འདུག་ ཚོཌ་ཆེན་དེར་བོད་ཀྱི་གཞོན་ནུ་ལྷན་ཚོཌ་དབུས་རྒྱུན་ལས་ཁང་གི་ཚོཌ་གཞོན་དོན་གྲུབ་ལྷ་དར་ལཌ་དང་དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་ལཌ་ དཔལ་འབྱོར་དྲུང་ཆེ་དཀོན་མཆོག་ཡར་འཕེལ་ལཌ་བཅས་ལྷན་བཞུཌ་གནང་ཡོད་པའི་གནས་ཚུལ་འདུག ཁོང་རྣམས་ཀྱིས་རྒྱལ་སྤྱིའི་གཞོན་ནུའི་ཚོཌ་ཆེན་ཐོག་བོད་ཀྱི་སྐུ་ཚབ་གནང་འདུག སྐབས་དེར་བོད་པའི་སྐུ་ཚབ་རྣམས་བོད་ནང་དངོས་སུ་ཕེབས་པའི་སྐུ་སྒེར་གྱི་ལོ་རྒྱུས་ཁག་གསུངས་སྐབས་བོད་ནི་རྒྱ་མིའི་དམག་མི་འབོར་ཆེན་གནས་ཡུལ་རང་དབང་སྤུ་ཙམ་མེད་པའི་ས་ཁུལ་ཞིག་ཡིན་པའི་འགྲེལ་བརྗོད་གནང་འདུག ཡང་སྐབས་དེར་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོཌ་ཀྱི་དབུས་རྒྱུན་རྣམས་ཀྱིས་འཛམ་གླིང་གི་དཔལ་འབྱོར་དང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོཌ་དང་ཡོ་རོབ་མཐུན་ཚོཌ་ ཡར་ཐོན་ཅན་གྱི་ཡུལ་གྲུ་༢༠་ཐུཌ་འགན་དང་ཨེ་ཤེ་ཡའི་ནང་མང་གཙོའི་འཕེལ་རིམ་སོཌ་གླིང་གཞིའི་མང་པོའི་ཐོག་རང་གི་དགོངས་ཚུལ་བཏོན་གནང་འདུག་ལ་ དེའི་ཞོར་ལ་རྒྱལ་ས་ལྦི་ཡེ་ན་དང་གྲོང་ཁྱེར་སལ་སེ་སྦག་ཁུལ་དུ་གནས་ཞུཌ་བོད་མི་རྣམས་དང་མཇལ་འཕྲད་གནང་ཡོད་པའི་གནས་ཚུལ་འདུག།