རྒྱལ་སྤྱིའི་གཞོན་ནུས་བོད་རང་བཙན་དགོས་པའི་གྲོས་ཆོད་བཞག

བོད་འདི་བཞིན་རྒྱ་ནག་གིས་དྲག་པོས་བཙན་བཟུང་བྱས་པའི་རང་བཙན་ལྡན་པའི་རྒྱལ་ཁབ་ཡིན་པའི་གྲོས་ཆོད་བཞག་པ།

2011.08.07

༄༅༎ཨོསི་ཀྲིཡེའི་རྒྱལ་ས་ཝིཡེའ་ནའི་ནང་རྒྱལ་སྤྱིའི་གཞོན་ནུའི་ལྷན་ཚོགས་ཀྱིས་ད་རེས་གཟའ་འཁོར་གཅིག་རིང་ཚུགས་པའི་ཚོགས་ཆེན་ཐོག་བོད་འདི་བཞིན་རྒྱ་ནག་གིས་དྲག་པོས་བཙན་བཟུང་བྱས་པའི་རང་དབང་རང་བཙན་གཙང་མའི་རྒྱལ་ཁབ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་ ཁོར་ཡུག་དང་བཅས་པར་གཏོར་སྐྱོན་ཤུགས་ཆེ་གཏོང་བཞིན་པར་འཕྲལ་དུ་མཚམས་འཇོག་དགོས་པའི་གྲོས་ཆོད་བཞག་ཡོད་འདུག་

བོད་དོན་གྲོས་ཆོད་འདི་ International Union of Socialist Youth་ འམ་ སྤྱི་ཚོགས་རིང་ལུགས་ཀྱི་གཞོན་ནུའི་རྒྱལ་སྤྱིའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐོག་བགྲོ་གླེང་གིས་གཏན་འབེབས་གནང་ཡོད་པ་དང་། རྒྱལ་སྤྱིའི་གཞོན་ནུའི་ལྷན་ཚོགས་དེར་རྒྱལ་ཁབ་བརྒྱ་ལྷག་ནས་གཞུང་འབྲེལ་མིན་པའི་ཚོགས་པའི་སྐུ་ཚབ་མཉམ་བཞུགས་གནང་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ་ཏུ་དབུས་གཞོན་ནུ་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་དྲུང་ཆེ་བསྟན་འཛིན་ཆོས་སྐྱིད་ལགས་དང་དཔལ་འབྱོར་དྲུང་ཆེ་དཀོན་མཆོག་ཡར་འཕེལ་ལགས་གསུམ་ཕེབས་ཡོད་འདུག་

རྒྱལ་སྤྱིའི་གཞོན་ནུའི་ཚོགས་ཆེན་སྟེང་རྒྱ་ནག་གཞུང་གིས་བོད་ནང་ཁོར་ཡུག་ལ་གཏོར་སྐྱོན་དང་། བོད་མིའི་ཆོས་དད་ལ་དམ་དྲག་གི་ཆེད་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་སྤེལ་ཏེ་བོད་མི་རིགས་ཀྱི་ཆོས་དད་དང་སྐད་ཡིག་དང་བཅས་པར་དྲག་གནོན་བྱེད་བཞིན་པ་དང་། བོད་ནང་བླ་སྤྲུལ་ངོས་འཛིན་ཐད་ རྒྱ་ནག་གཞུང་གིས་བཀའ་ཁྲོལ་དགོས་པའི་ཁྲིམས་གཞི་གཏན་འབེབས་བྱས་པ་ཁག་འཕྲད་དུ་མཚམས་འཇོག་དགོས་པ་དང་། པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པ་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎