གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ།


2013.04.30
གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ།
Photo: RFA

༄༅།    །དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་བརྒྱུད་ལྔ་པའི་བཅུ་བདུན་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ནས་རང་དབང་གི་ཆེད་དཀའ་སྡུག་ལ་གདོང་ལེན་བྱེད་བཞིན་པའི་བོད་མི་རྣམས་ཀྱི་མངོན་འདོད་ལ་གདུང་སེམས་མཉམ་བསྐྱེད་ཤུགས་ཆེ་མཚོན་རྒྱུའི་ཉིན་མོ་ཞིག་མཚོན་དགོས་པའི་སྐོར་གསུངས་ཡོད་པ་རེད།
ཡང་ཕྱི་ཟླ་ ༥ ཚེས་ ༡༧ གྱི་ཉིན་མོ་དེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་མཛད་པའི་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་ཡབ་ཡུམ་སྐུ་འཁོར་བཅས་པ་གར་སོང་ཆ་མེད་དུ་སོང་བའི་དུས་ཚེས་དེ་ཡིན་ཞིང། ༸པན་ཆེན་ཆུང་སྲིད་རིན་པོ་ཆེ་གློད་བཀྲོལ་ཡོང་ཐབས་དང་། མ་མཐར་ཁོང་གི་གནས་སྟངས་ཇི་ཡོད་རྟོག་ཞིབ་ཡོང་བའི་སླད་རྒྱལ་ཁབ་འདྲ་མིན་གྱི་གྲོས་ཚོགས་ཀྱི་འཐུས་མི་དང་།    དབུ་འཁྲིད་མང་པོས་ད་ཕན་རྒྱ་ནག་གི་དབང་འཛིན་པ་ཚོར་རེ་འདུན་རིམ་པ་བཏོན་པར་རྒྱ་ནག་གཞུང་ཕྱོགས་ནས་ཡ་ལན་ཙམ་ཡང་མེད་པར།    ད་དུང་ཡང་༸པན་ཆེན་རིན་པོ་ཆེའི་ཡང་སྲིད་གར་ཞུགས་ཀྱི་གནས་ཚུལ་ཙམ་ཡང་ཤེས་རྟོགས་མེད་པར་གནས་བཞིན་པ་འདིས་གཞིས་ཞུགས་བོད་མི་རྣམས་བཙོན་འཇུག་དང་། ཁོང་ཚོའི་གཞི་རིམ་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་གི་གནས་ཚུལ་མུ་འཐུད་ཡོད་པ་གསལ་པོར་མཚོན་ཐུབ་རྒྱུ་ཡིན་པ་བརྗོད་འདུག།    གསལ་བསྒྲགས་དེའི་ནང་ད་དུང་།    རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་མིའི་གནས་སྟངས་དང་མངོན་འདོད་སྣང་མེད་དུ་མ་བཞག་་པར་སྔར་ལས་ལྷག་པའི་རྒྱབ་སྐྱོར་བྱེད་པའི་དུས་སུ་སླེབས་ཡོད་ཅིང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་མི་དང་བོད་ཀྱི་གྲོགས་པོ་ཡོངས་ལ་སོ་སོའི་གནས་ཡུལ་རྒྱལ་ཁབ་དང་ས་གནས་ཀྱི་གནས་བབས་དང་བསྟུན་ཏེ་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་བོད་དོན་གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་ཞུ་བ་དང་ཆབས་ཅིག་དེ་ཉིན་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་ཡོངས་ཀྱི་ཆེད་དུ་མཆོད་འབུལ་སྨོན་ལམ་ཡང་གསུང་འདོན་ཡོང་བའི་འབོད་བསྐུལ་གྱི་གསལ་བསྒྲགས་གནང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎