མོའོ་སེ་ཁའོ་ནང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་བགྲོ་གླེང་ལྷན་ཚོགས།


2015.08.24
མོའོ་སེ་ཁའོ་ནང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག མོའོ་སེ་ཁའོ་ནང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག ༢༠༡༥།༨།༡༤
tibet.net

ཏེ་ལོ་རིན་པོ་ཆེ་མཆོག་༧གོང་ས་མཆོག་གི་ཚབ་གནང་ནས་མོའོ་སེ་ཁའོ་ནང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་བགྲོ་གླེང་ལྷན་ཚོགས་ཐོག་ཕེབས་པ།
དེ་ཡང་ཉེ་ཆར་ཨུ་རུ་སུའི་རྒྱལ་ས་མོའོ་སེ་ཁའོ་ནང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ཀྱི་ལྷན་ཚོགས་ཤིག་འཚོགས་ཡོད་པ་དང་། དེའི་སར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཏུ་ཏེ་ལོ་རིན་པོ་ཆེ་མཆོག་ཚོགས་བཞུགས་གནང་ཡོད་པ་རེད།
རྩ་བའི་ད་རེས་ཨུ་རུ་སུའི་ནང་སྤྱི་ཟླ་༨་ཚེས་༡༣་ནས་ཚེས་༡༤་བར་རྒྱལ་སྤྱིའི་ནང་ཆོས་ཀྱི་ལྷན་ཚོགས་དེ་ནི་རིག་གནས་སྒྱུ་རྩལ་དང་ཀུན་སྤྱོད་རིག་པའི་ཐོག་གི་བགྲོ་གླེང་ལྷན་ཚོགས་ཤིག་ཡིན་པ་དང་། ལྷན་ཚོགས་དེའི་དབུ་འབྱེད་མཛད་སྒོའི་སར་ཏེ་ལོ་རིན་པོ་ཆེ་མཆོག་གིས་གསུང་དོན། གཙོ་ཆེ་ད་རེས་ཨུ་རུ་སུའི་གཞུང་གིས་ཆོས་ལུགས་རིག་གནས་དང་། ལྷག་དོན་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཐད་དོ་སྣང་དང་མཐོ་རིམ་སློབ་གྲྭ་སོགས་ཀྱི་ནང་ཀུན་སྤྱོད་དང་འཇིག་རྟེན་པའི་ཆོས་སོགས་ཀྱི་སྐོར་སློབ་སྦྱོང་བྱེད་རྒྱུའི་སྒོ་སྐབས་བསྐྲུན་གནང་བ། དེ་བཞིན་བོད་ལུགས་ནང་ཆོས་སློབ་སྦྱོང་བརྒྱུད་རྒྱ་གར་དུ་རྟེན་གཞི་བྱེད་པའི་འབྲེལ་ཡོད་ལས་ཁང་དང་འབྲེལ་བ་གནང་བ་སོགས་ནི་གཞན་ལ་མིག་དཔེར་འོས་པའི་གནང་སྤྱོད་ཅིག་ཡིན་པར་བསྔགས་བརྗོད་ཆེན་པོ་ཞུས་གནང་ཡོད་པ་རེད།        
ཐེངས་དེའི་ནང་ཆོས་ཀྱི་ལྷན་ཚོགས་དེའི་སར་ཨུ་རུ་སུའི་ཤེས་རིག་སློབ་སྦྱོང་དང་རིག་གནས་སྒྱུ་རྩལ་སོགས་ཀྱི་འགྲེམས་སྟོན་ཁང་། དེ་བཞིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱེད་པའི་ཧི་མ་ལ་ཡའི་རིག་གནས་ཉམས་ཞིབ་ཁང་དང་། རིག་གནས་སྒྱུ་རྩལ་ལས་ཁང་སོགས་མཉམ་བཞུགས་ཐོག་དེའི་འབྲེལ་ཡོད་ཚན་རིག་པ་དང་རིག་གནས་སྒྱུ་རྩལ་མཁས་པ་མང་པོས་ཀྱང་མཉམ་བཞུགས་ཀྱི་བགྲོ་གླེང་ལྷན་ཚོགས་ཤིག་ཀྱང་ཡིན་པ་རེད།

གསར་འགོད་པ་ཕྲེང་རིང་བསྟན་ནོར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎