བོད་རང་བཙན་གལ་ཆེ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང།

རྒྱལ་སྤྱིའི་རྒྱ་གར་བོད་ཀྱི་མཉམ་མཐུན་ཚོགས་པས་བོད་རང་བཙན་གལ་ཆེ་ཡིན་སྐོར་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་གོ་སྒྲིག་གནང་བ།

2012.03.12

༄༅༎རྒྱལ་སྤྱིའི་རྒྱ་གར་བོད་ཀྱི་མཉམ་མཐུན་ཚོགས་པས་རྒྱ་གར་གྱི་མེའེ་རུཏ་གྲོང་ཁྱེར་ནང་གསུམ་བཅུའི་དུས་དྲན་ཐེངས་༥༣པའི་ཐོག། བོད་རང་བཙན་གལ་ཆེ་ཡིན་སྐོར་གྱི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་འདུག། ༡༩༥༩ལོའི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་སྲུང་བརྩི་ཞུ་ཕྱིར་རྒྱ་གར་མཐོ་སློབ་གྱི་དགེ་ལས་སློབ་ཕྲུག་དང་བོད་དོན་རྒྱབ་སྐྱོར་བ་༢༠༠ཙམ་མཉམ་ཞུགས་གནང་བའི་ཐོག། བཞུགས་མོལ་ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོ་ འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི་འགན་འཛིན་ཨ་ནན་ཀུ་མའར་མཆོག་གིས་གསུངས་བཤད་གནང་ཡོད་ཅིང༌། ཁོང་གིས་བོད་ནང་རྒྱ་ནག་གིས་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་ཡོད་པར་སྐྱོན་བརྗོད་དང་འབྲེལ། རྒྱ་གར་བྱང་ཕྱོགས་ ཧི་མ་ཅལ་ པར་དེཤི་དང་ཇམ་མུ་ དང་ ཀཤི་མིར་མངའ་སྡེ། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་པཱར་རྡེཤ་བཅས་ཀྱི་ནང་རྒྱ་མིའི་དཔུང་དམག་གིས་བཙན་འཛུལ་བྱེད་ཀྱི་ཡོད་པའི་གནད་དོན། དེ་བཞིན་རྒྱ་ནག་གིས་བོད་ནང་རྡུལ་ཕྲན་གྱི་སྙིགས་རོ་ཕུང་གསོག་བྱེད་ཀྱི་ཡོད་པ་མ་ཚད། བོད་ཀྱི་ཁོར་ཡུག་དང་རང་བཞིན་སྐྱེ་ངོས་བཅས་གཏོར་བཤིག་ཚབས་ཆེ་གཏོང་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་ཞིབ་ཕྲ་གནང་སྟེ། རྒྱ་གར་མང་ཚོགས་ཀྱིས་བོད་རིགས་སྤུན་ཟླ་ཚོའི་གནས་སྟངས་ཐད་བློ་འཚབ་ཡོད་པ་གསལ་བསྟོན་ཆེད། བགྲོ་གླེང་དང༌། ཟབ་སྦྱོང༌། ངོ་རྒོལ་དང་ཞི་བའི་གོམ་བགྲོས་སོགས་ལས་འགུལ་སྣ་མང་སྤེལ་དགོས་རྒྱུ་དང༌། རྒྱ་གར་རྒྱལ་ཡོངས་ཀྱི་ས་ཁུལ་ཚང་མའི་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་རྒྱ་གར་གཞུང་གིས་བོད་མི་ཚོར་ཕན་པའི་ལས་དོན་གནང་སྐྱོང་ཡོང་བའི་གནོན་ཤུགས་སྤྲོད་དགོས་ཀྱི་རེད་ཅེས་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎