སིམ་ལའི་ཕུག་བརྒྱུད་རྒྱ་དཀར་ནག་གི་ཚོང་འབྲེལ།

ས་མཚམས་བརྒྱུད་ཡུལ་གཉིས་ཀྱི་ཚོང་འབྲེལ་བྱས་པའི་མ་དངུལ་ཧིན་སྒོར་འབུམ་བརྒྱ་དང་ལྔ་བཅུ་ཙམ་ཟིན་ཡོད་པ།

2012.12.23

༄༅༎རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་རྒྱ་ཆེ་ཡོད་པ་ནས་བྱང་ཕྱོགས་སིམ་ལ་ཕུག་ཁུལ་Shipki ལ་ཞེས་པའི་ས་མཚམས་བརྒྱུད་ནས་ཡུལ་གཉིས་དབར་ཚོང་འབྲེལ་བྱས་པའི་མ་དངུལ་བསྡོམས་འབོར་ཧིན་སྒོར་འབུམ་བརྒྱ་དང་ཕྱེད་མ་ཟིན་ཙམ་བྱེད་ཀྱི་ཡོད་པ་རེད།དེ་ཡང་རྒྱ་གར་གྱི་ཚོང་པ་མི་གྲངས་བཞི་བཅུ་ཞེ་ལྔ་ཡིས་བོད་ནང་ཐེངས་བརྒྱ་དང་བརྒྱད་ཅུ་བསྐྱོད་དེ་ཚོང་འཐབ་བྱས་པའི་བསྡོམས་འབོར་འབུམ་དགུ་བཅུ་ཙམ་བྱེད་ཀྱི་ཡོད་པ་དང༌།ཕྱོགས་མཚུངས་བོད་ཀྱི་ཕྱོགས་ནས་ཚོང་ཟོག་རྒྱ་གར་དུ་ཚོང་བསྒྱུར་བྱས་པའི་དངུལ་འབོར་ས་ཡ་དྲུག་ཅུ་རེ་གཉིས་ཙམ་བྱེད་ཀྱི་ཡོད་པ་རེད།རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་ཚོང་འབྲེལ་ཕྱི་ཟླ་དགུ་པ་ནས་འགོ་བཙུགས་ཏེ་ཕྱི་ཟླ་བཅུ་གཅིག་པའི་ནང་དགུན་ཁ་ཤར་མཚམས་སྒོ་བརྒྱབ་ཀྱི་ཡོད་པ་རེད།དེ་ཡང་རྒྱ་དཀར་ནག་གཉིས་དབར་ཕྱི་ལོ་༡༩༩༣ལོར་ཚོང་འབྲེལ་གྲོས་མཐུན་བཞག་སྟེ་ཕྱི་ལོ་༡༩༩༤ལོ་ནས་ཚོང་འབྲེལ་དངོས་སུ་འགོ་བཙུགས་ཐུབ་པ་ཡིན་པ་རེད།རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སྒོ་མོ་ཕྱེ་བའི་ལོ་དང་པོའི་ཚོང་འཐབ་བྱས་པའི་དངུལ་འབོར་ཧིན་སྒོར་འབུམ་ཉི་ཤུ་རྩ་ལྔ་ལས་བྱུང་མེད་པ་དང་།དེའི་ཁོངས་ནས་ཧིན་སྒོར་འབུམ་བཅུ་གཅིག་ཙམ་རྒྱ་གར་གྱིས་ཕྱིར་བཙོང་བྱས་པའི་དངོས་ཟོག་གི་མ་གནས་ཡིན་པ་རེད།རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་འབོད་པ་དེ་ནི།    ཕྱི་ལོ་༡༩༥༩
ལོར་རྒྱ་མི་གུང་གྲན་ཏང་གིས་བོད་ས་ཡོངས་ལ་དྲག་པོའི་དབང་བསྒྱུར་བྱས་ནས་རྒྱ་དཀར་ནག་གི་ས་མཚམས་ཆགས་པ་ལས་དེ་སྔོན་བོད་དང་རྒྱ་གར་གྱི་ས་མཚམས་ཡིན་པ་རེད།ཡང་རྒྱ་དཀར་ནག་གི་ས་མཚམས་Shikpki ལ་བརྒྱུད་ནས་ནག་ཚོང་ཕོན་ཆེ་རྒྱག་གི་ཡོད་ཅིང་།སྔ་ལོ་བོད་ཀྱི་རའི་ཁུ་ལུ་མ་གནས་འབུམ་དགུ་བརྒྱ་ཙམ་ས་མཚམས་འདི་བརྒྱུད་ནས་གཏོང་གྲབས་བྱེད་སྐབས་གཞུང་གིས་ཁྲལ་སྡེ་ལས་ཁུངས་ཀྱི་མི་སྣས་ནག་ཚོང་འཇུ་བཟུང་ཐུབ་པ་ཡིན་པ་རེད།དེ་སྔོན་ལོ་ངོ་གསུམ་ཙམ་གྱི་སྔ་རོལ་དུ་ཉེན་རྟོག་པས་ཙན་དན་དམར་པོ་ཀྲག་འཁོར་གཉིས་ཙམ་རྒྱ་གར་ནས་བོད་དུ་བོད་སྨན་དང་དྲི་བཟང་སྤོས་བཟོ་ཆེད་ནག་ཚོང་འགོག་ཐུབ་པ་བྱུང་ཡོད་པ་རེད།        
ཕྱི་ལོ་༡༩༦༢ལོར་རྒྱ་ནག་གིས་རྒྱ་གར་ལ་དམག་འཐབ་བྱས་པའི་སྔ་རོལ་དུ་ས་མཚམས་དེ་བརྒྱུད་དེ་བོད་རིགས་དང་རྒྱ་གར་བ་ཚོས་བཟའ་འབྲུ་དང་།ཚ།མར། བལ།སྨན་སྣ་སོགས་ཟོག་བརྗེས་རྒྱག་གི་ཡོད་པ་རེད།ཡང་རྒྱ་གར་གནས་ཆེན་ཏུ་བརྩི་བའི་གངས་རི་ཏི་སི་འམ་མཚོ་མི་ཕམ་དུ་རྒྱ་གར་བ་མང་པོ་གནས་མཇལ་དུ་འགྲོ་གི་ཡོད་པ་མ་ཟད།རྒྱ་གར་གྱི་ཆུ་བོ་ཁག་གི་འབྱུང་ཁུང་ཡང་བོད་ཆགས་ཀྱི་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎