༸གོང་ས་མཆོག་ནས་གྷན་རྡིའི་རྗེས་འབྲང་པ་ཚོར་བསྔཊ་བརྗོད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོས་གྷན་རྡིའི་ལྟ་གྲུབ་ལག་ལེན་བསྟར་དགོས་པའི་བཀའ་སློབ་གནང་ཡོད་པ།

2009.11.23

༄༅༎ཟླ་འདིའི་ཚེས་ཉི་ཤུ་རྩ་གཉིས་ཀྱི་ཉིན་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།རྒྱལ་ས་ལྡི་ལིའི་ནང་བསྐོང་ཚོགས་གནང་བའི་མེས་པོ་དམ་པ་གྷན་རྡིས་ལོ་ངོ་བརྒྱ་ཕྲག་གཅིག་གོང་རྒྱ་གར་རང་སྲིད་རང་སྐྱོང་གི་རྩོམ་ཡིག་སྤེལ་གནང་བའི་རྗེས་དྲན་ལྷན་ཚོགས་ཀྱི་ཉིན་མཐའ་མའི་ཚོགས་མགོན་དུ་ཆིབས་བསྒྱུར་གནང་ཡོད་པ་མ་ཟད།ལྷན་ཚོགས་ཐོག་ཕེབས་པའི་མེས་པོ་དམ་པ་གྷན་རྡིའི་རྗེས་འབྲངས་བ་ཚོར་བསྔགས་བརྗོད་གནང་ཡོད་པ་དང་།ལྷག་པར་དུ་བརྙན་འཕྲིན་བརྒྱུད་༧གོང་ས་མཆོག་གིས་རྒྱ་གར་གྱི་གཞོན་སྐྱེས་ཚོར་གནའ་སྔ་མའི་གོམས་སྲོལ་རྒྱུན་འཛིན་བྱེད་པ་ཙམ་མ་ཡིན་པར་མེས་པོ་དམ་པ་གྷན་རྡིའི་ལྟ་གྲུབ་ཐོག་དངོས་སུ་མི་ཚེའི་ནང་བྱམས་བརྩེ་དང་དྲང་བདེན་གྱི་ཐོག་ནས་མི་ཚེ་བསྐྱལ་དགོས་པའི་ལམ་སྟོན་དང།དེ་བཞིན་དེང་དུས་ཤེས་ཡོན་དང་མཉམ་དུ་མི་བཟང་པོ་ཞིག་ཡོང་ཐབས་སུ་འབད་བརྩོན་བྱེད་དགོས་པའི་སྐོར་ཡང་གསུངས་འདུག

ལྷན་ཚོགས་དེའི་ཐོག་ནས་༧གོང་ས་མཆོག་གིས་རྒྱལ་སྤྱིའི་ནང་།གྷན་རྡིའི་ལྟ་གྲུབ་ཁྱབ་སྤེལ་གནང་རྒྱུའི་ཐུགས་འགན་བཞེས་དགོས་པའི་འབོད་སྐུལ་ཞུས་པ་ལྟར་།༧གོང་ས་མཆོག་གིས་ཞལ་བཞེས་གནང་ཡོད་པ་བཅས་ལྷན་ཚོགས་འདི་བརྒྱུད་མེས་པོ་དམ་པ་གྷན་རྡིའི་ལྟ་གྲུབ་དང་ལྷག་པར་དུ་རང་སྲིད་རང་སྐྱོང་གི་ལྟ་གྲུབ་དེའི་ཐོག་ནས།བོད་ཀྱི་དཀའ་རྙོག་སེལ་ཐབས་སུ་སློབ་གསོ་ལེན་ཐུབ་པ་བྱེད་རྒྱུར་ཕན་ཐོགས་ཆེན་པོ་ཡོང་ངེས་ཡིན་པའི་གྲོས་བསྡུར་བྱུང་ཡོད་པ་རེད།ལྷན་ཚོགས་འདི་བཞིན་ཝ་ན་བོད་ཀྱི་མཐོ་སློབ་ཁང་དང་།རྒྱ་གར་གྱི་གྷན་རྡིའི་ཐེབས་རྩ་ཁང་གཉིས་ཐུན་མོང་གི་ཐོག་ནས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད་ལ་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་མཆོག་ནས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎