ཀཤི་མིར་ཁུལ་དུ་མུ་མཐུད་ངོ་རྒོལ་དུས་ཟིང་བྱུང་བཞིན་ཡོད་འདུག

ཀཤི་མིར་ཁུལ་དུ་མུ་མཐུད་ངོ་རྒོལ་དུས་ཟིང་དང་བདེ་འཇགས་དཔུང་དམག་དང་ངོ་རྒོལ་བའི་བར་དྲག་འཛིངས་གདོང་ཐུག་གི་གནས་ཚུལ་བྱུང་བཞིན་པ།

2008.09.13

༄༅༎གཟའ་སྤེན་པའི་ཉིན་རྒྱ་གར་བྱང་ཕྱོགས་ཁ་ཆེའི་མི་འབོར་ཁྱོན་ཆེ་ཡོད་ས་ཀཤི་མིར་ཁུལ་དུ་མུ་མཐུད་ངོ་རྒོལ་དུས་ཟིང་དང་ རྒྱ་གར་གྱི་བདེ་འཇགས་དཔུང་དམག་དང་ངོ་རྒོལ་བའི་བར་དྲག་འཛིངས་གདོང་ཐུག་གི་གནས་ཚུལ་བསྟུད་མ་བྱུང་བཞིན་ཡོད་འདུག

ཇ་མུ་དང་ཀཤི་མིར་མངའ་སྡེའི་དབྱར་ཁའི་རྒྱལ་ས་གྲོང་ཁྱེར་སི་རི་ན་གར་གྱི་ནང་ངོ་རྒོལ་བ་བརྒྱ་ཕྲག་མང་པོས་གཟའ་པ་སངས་ཉིན་གྱི་ངོ་རྒོལ་དུས་ཟིང་སྐབས་བདེ་འཇགས་དཔུང་དམག་གིས་མེ་མདའ་རྒྱབ་སྟེ་མི་གཉིས་རྐྱེན་འདས་སུ་བཏང་པའི་གནད་དོན་དེར་ངོ་རྒོལ་བྱས་སྐབས་ བདེ་འཇགས་དཔུང་དམག་གིས་ངོ་རྒོལ་བ་ཁ་ཐོར་དུ་གཏོང་ཐབས་ཆེད་མིག་ཚའི་དུག་རླངས་འཕེན་པ་ལ་སོགས་པ་དྲག་ཟིང་སྔོན་འགོག་གི་ལས་དོན་སྤེལ་ཡོད་པ་དང་ ཁ་ས་གཟའ་པ་སངས་ཉིན་མི་གཉིས་རྐྱེན་འདས་སུ་སོང་བའི་ཁར་ད་དུང་མི་གྲངས་བརྒྱད་བཅུ་སྐོར་ལ་རྨས་སྐྱོན་ཕོག་ཡོད་འདུག

ཁ་སང་གི་དོན་རྐྱེན་དེ་ཀཤི་མིར་གྱི་གྲོང་ཁྱེར་ཤོ་པིཡེན་དང་སྦ་ར་མུ་ལ་ཞེས་པའི་ས་གནས་སུ་བྱུང་ཞིང་ གཟའ་སྤེན་པའི་ཉིན་ས་ཁུལ་དེ་གཉིས་དམ་བསྒྲགས་ཆེན་པོའི་འོག་གནས་མུས་ཡིན་པ་རེད་

འདས་པའི་ཟླ་བ་འགའ་ཤས་རིང་ཀཤི་མིར་ཁུལ་དུ་ཀཤི་མིར་རང་བཙན་དགོས་རྒྱུའི་ངོ་རྒོལ་བསྟུད་མ་བྱུང་བཞིན་ཡོད་པ་དང་ བདེ་འཇགས་དཔུང་དམག་གི་ངོས་ནས་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་ འདི་ལོ་ཕྱི་ཟླ་དྲུག་པ་ནས་བཟུང་ངོ་རྒོལ་དུས་ཟིང་བྱུང་བའི་དོན་རྐྱེན་གྱི་འོག་ བདེ་འཇགས་དཔུང་དམག་གིས་མེ་མདའ་བརྒྱབ་སྟེ་ཁ་ཅེ་ངོ་རྒོལ་བ་མི་གྲངས་ ༤༡ དང་ ཧིན་རྡུའི་ངོ་རྒོལ་བ་མི་གྲངས་ ༣ ཙམ་རྐྱེན་ལམ་དུ་བཏང་ཡོད་པ་རེད།

ལོ་རབས་བརྒྱད་བཅུའི་མཇུག་ཏུ་ཀཤི་མིར་ནང་ཁ་ཆེ་དྲག་སྤྱོད་པའི་དྲག་ལས་ཤུགས་ཆེ་སྤེལ་བའི་རྐྱེན་གྱིས་ཀཤི་མིར་གྱི་མངའ་ཁུལ་དེའ་ནང་ཞི་བདེ་ལྷིངས་འཇགས་རྩ་བ་ནས་མེད་པའི་གནས་ཚུལ་ལོ་མང་རིང་གནས་པ་དང་ འོན་ཀྱང་འདས་པའི་ལོ་ཁ་ཤས་རིང་གནས་ཚུལ་བཟང་དུ་འགྲོ་བཞིན་པའི་མཚོན་རྟགས་བྱུང་ཡོད་ན་ཡང་ འདི་ལོ་མངའ་སྡེའི་གཞུང་གིས་ཧིན་རྡུའི་གནས་མཇལ་ཚོགས་པ་ཞིག་ལ་ཀཤི་མིར་ཁུལ་གྱི་ས་ཆ་ཞིག་སྤྲོད་རྒྱུའི་འཆར་གཞི་ཞིག་བཟོས་པ་དེའི་རྐྱེན་གྱིས་སླར་ཡང་ཐེངས་འདིའི་ཟིངས་འཁྲུག་འདི་འགོ་བཙུགས་བྱུང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎