རྒྱ་གར་གྱིས་པ་ཀི་སི་ཐན་དང་ཞི་འགྲིགས་གནང་འདོད་ཡོད་སྐོར།

རྒྱ་གར་གྱི་སྲིད་བློན་མཆོག་ནས་པ་ཀི་སི་ཐན་གྱི་ཕྱོགས་ནས་དྲག་སྤྱོད་པའི་བྱེད་ལྟེ་མི་སྣ་ཚོར་དམ་བསྒྲགས་བྱ་དགོས་པ་གྱུར་ཡོད་ཅེས་གསུངས་འདུག

2009.06.17

༄༅༎རྒྱ་གར་གྱི་སྲིད་བློན་མཆོག་གིས་པ་ཀི་སི་ཐན་གྱི་ལྷན་ཞི་འགྲིག་གནང་འདོད་ཡོད་ལ་ཡིན་ནའི་དང་པོ་པ་ཀི་སི་ཐན་གྱི་ཕྱོགས་ནས་ཞི་བདེའི་ཁོར་ཡུག་གནོད་འཚེ་བཟོ་མཁན་གྱི་དྲག་སྤྱོད་པའི་བྱེད་ལྟེ་མི་སྣ་ཚོར་དམ་བསྒྲགས་བྱ་དགོས་པ་གྱུར་ཡོད་ཅེས་གསུངས་ཡོད་པ་རེད།

རྒྱ་གར་གྱི་སྲིད་བློན་མཆོག་ནས་ད་རེས་ར་ཤི་ཡའི་ནང་ས་ཁུལ་རྒྱལ་ཁབ་ཁག་གི་ལྷན་ཚོགས་ལ་ཚོགས་བཅར་གྱི་ཞོར་པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་དང་མཇལ་འཕྲད་གནང་ཡོད་པ་དང་སྐབས་དེར་རྒྱ་གར་སྲིད་བློན་མཆོག་གིས་མངའ་ཁུལ་སྤྱི་ལ་ཞི་བདེ་དང་མཐུན་འབྲེལ་གོང་འཕེལ་གྱི་དགོངས་བཞེས་ཡོད་པ་དང་དེའི་ཐད་རྒྱ་གར་གཞུང་ལ་པ་ཀི་སི་ཐན་གྱི་ལྷན་ཞི་འགྲིག་བྱ་རྒྱུའི་འདུན་པ་ཡོད་ལ་ཡིིན་ནའི་དེར་ཕན་པར་པ་ཀི་སི་ཐན་གཞུང་གིས་ཞི་བདེར་གནོད་འཚེ་བཟོ་མཁན་གྱི་དགྲ་བོ་དེ་དག་བཀག་སྡོམ་གྱི་ཕྱག་ལེན་གནང་དགོས་ཀྱི་ཡོད་པའི་བཀའ་མོལ་གནང་རྒྱུ་བྱུང་སྐོར་དང་ཡང་པ་ཀི་སི་ཐན་གྱི་སྲིད་འཛིན་ཛར་རྡ་རི་ཡིས་རྒྱ་གར་སྲིད་བློན་མཆོག་ལ་པ་ཀི་སི་ཐན་གཞུང་གི་ལྷག་བསམ་ལ་སྐྱོན་མེད་པ་དང་ཡིན་ནའི་གཞུང་ལ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱ་དགོས་ཀྱི་ཡོད་པའི་དུས་ཚོད་ཕྲན་བུ་དགོས་ཀྱི་ཡོད་སྐོར་གསུངས་པའི་གནད་ལུགས་ངོ་སྤྲོད་གནང་བའི་སྐོར་རྒྱ་གར་སྲིད་བློན་ལྷན་རྒྱས་ཡོད་པའི་རྒྱ་གར་གྱི་པི་ཊི་ཨའེ་ཞེས་པའི་གསར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད། རྒྱ་གར་གཞུང་གིས་པ་ཀི་སི་ཐན་ལ་སྔར་ལོ་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་དྲག་ལས་བརྒྱུད་སྐུལ་བྱེད་མཁན་གྱི་དྲག་སྤྱོད་པའི་བྱེད་ལྟེ་མི་སྣ་པ་ཀི་སི་ཐན་གྱི་ས་ཁུལ་ནང་ཡོད་པ་རྣམས་རྒྱ་གར་གཞུང་ལ་ཁྲིམས་གཅོད་ཀྱི་རྩིས་སྤྲོད་དགོས་པའམ་ཡང་ན་པ་ཀི་སི་ཐན་གཞུང་གིས་ཉེས་པ་ཚར་བཅད་དགོས་ཀྱི་ཡོད་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་རེད། པ་ཀི་སི་ཐན་གཞུང་གིས་གང་ཐུབ་ཞུ་ཡི་ཡོད་ལ་དྲག་སྤྱོད་པའི་དཀའ་ངལ་དེ་རྒྱ་གར་ཙམ་མིན་པར་པ་ཀི་སི་ཐན་གྱི་རྒྱལ་ཁབ་རང་ཉིད་ལའང་འཕྲད་བཞིན་པའི་དཀའ་ངལ་ཞིག་ཡིན་པ་ངོ་སྤྲོད་གནང་གི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎