རྒྱ་གར་གཞུང་ཞབས་ནང་ལྐོག་ཟ་རུལ་སུངས་ཤུགས་ཆེ་ཡོད་ལུགས།

ལྐོག་ཟ་རུལ་སུངས་ཀྱི་རྐྱེན་གྱིས་རྒྱ་གར་གྱི་སྤྱིའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་གནོད་འཚེ་ཚབས་ཆེ་འགྲོ་བཞིན་ཡོད་ལུགས།

2009.08.26

༄༅༎རྒྱ་གར་གཞུང་ཞབས་ཁྲོད་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་སྤེལ་མཁན་ཤུགས་ཆེ་བའི་རྐྱེན་གྱིས་རྒྱ་གར་གྱི་སྤྱིའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་ཐད་གནོད་འཚེ་ཚབས་ཆེ་འགྲོ་བཞིན་ཡོད་ལུགས་རྒྱ་གར་གྱི་སྲིད་བློན་མཆོག་གིས་དེ་རིང་རེས་གཟའ་ལྷག་པའི་ཉིན་གསལ་སྟོན་གནང་འདུག

རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་སྤེལ་མཁན་ཤུགས་ཆེ་ཡོད་པར་བརྟེན་ཕྱིའི་རྒྱལ་ཁབ་ཁག་ནས་རྒྱ་གར་ནང་མ་རྩ་འཛུགས་འཇོག་གནང་མཁན་ཚོས་འཇིགས་སྣང་ཚོར་བ་དང་དེ་བཞིན་རྒྱལ་སྤྱིའི་ཐོག་ནས་རྒྱ་གར་ནང་གི་ཆེ་ཐོངས་སོགས་ཀྱི་ཐད་གནོད་འཚེ་ཚབས་ཆེ་འགྲོ་བཞིན་ཡོད་པས་དེའི་ཐོག་རྒྱ་གར་གཞུང་ཕྱོགས་ནས་ཞིབ་འཇུག་གི་ལས་དོན་ཤུགས་ཆེ་སྤེལ་གནང་དགོས་ཀྱི་ཡོད་པ་རེད་ཅེས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་དེ་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་སྐོངས་འཚོགས་གནང་བའི་ས་གནས་གཞུང་འབྲེལ་ལས་དོན་མི་སྣ་ཁག་གི་ལྷན་ཚོགས་ཐོག་འབོད་སྐུལ་ནན་པོ་གནང་ཡོད་པ་རེད། སྲིད་བློན་མཆོག་གིས་མུ་མཐུད་གསུངས་ན་རྒྱ་གར་ནང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་དེས་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་གཏོང་རྒྱུའི་ལས་དོན་མང་པོའི་ཐོག་གནོད་འཚེ་ཤུགས་ཆེ་ཐེབས་ཀྱི་ཡོད་པ་མ་ཟ་རྒྱ་གར་གཞུང་གིས་དྲང་བདེན་དང་སྤྱི་སྙོམས་ལྡན་པའི་སྤྱི་ཚོགས་ཤིག་གསར་སྐྲུན་བྱེད་རྒྱུའི་དགོངས་གཞིའི་ལས་དོན་ཐོག་གནོད་འཚེ་ཚབས་ཆེ་གཏོང་བཞིན་ཡོད་པ་རེད་ཅེས་གསལ་སྟོན་གནང་འདུག སྲིད་བློན་མཱན་མོ་ཧན་སིང་མཆོག་གིས་རྒྱ་གར་དེ་བཞིན་རྒྱལ་སྤྱིའི་ཐོག་ཆེ་ཐོངས་འཇོག་རྒྱུར་གནོད་འཚེ་མི་འགྲོ་བ་དང་ཕྱིའི་རྒྱལ་ཁབ་ཁག་སན་རྒྱ་གར་ནང་མ་རྩ་འཛུགས་འཇོག་བྱེད་རྒྱུའི་ལས་དོན་ཁག་གི་ཐོག་ཤུགས་སྣོན་རྒྱབ་རྒྱུའི་ཆེད་དུ་རྒྱ་གར་གཞུང་ནས་ཡུལ་གྲུའི་ནང་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་སྤེལ་མཁན་ཚོའི་ཐོག་ཞིབ་འཇུག་ནན་པོ་གནང་དགོས་པ་དང་དེའི་ཐོག་ཁྲིམས་ཐོག་ནས་ཀྱང་བྱ་སྤྱོད་ནན་པོ་སྤེལ་དགོས་ཀྱི་རེད་ཅེས་འབོད་སྐུལ་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎