རྒྱ་གར་གྱིས་ཡོ་རོབ་ཁུལ་དཔལ་འབྱོར་ཉམ་རྒུད་ཀྱི་དཀའ་ངལ་སེལ་ཐབས།

རྒྱ་གར་གྱིས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩར་ཨ་རིའི་ཌོ་ལར་ཐེར་འབུམ་བཅུ་ཐམ་གནང་རྒྱུའི་ཐག་གཅོད་གནང་བ་དེ་སྲུང་སྐྱོབ་གནང་ཡོད་སྐོར།

2012.06.24

༄༅༎རྒྱ་གར་གྱིས་སྲིད་བློན་གྱིས་ཡོ་རོབ་ཁུལ་དཔལ་འབྱོར་ཉམ་རྒུད་ཀྱ་དཀའ་ངལ་སེལ་ཐབས་ཆེད་རྒྱལ་སྤྱིའི་མ་དངུལ་ཐེབས་རྩར་ཨ་རིའི་ཌོ་ལར་ཐེར་འབུམ་བཅུ་ཐམ་གནང་རྒྱུའི་ཐག་གཅོད་གནང་བ་དེ་སྲུང་སྐྱོབ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

ཉིན་ཤས་གོང་མེཀྶི་ཀོའི་ནང་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་སྐབས་རྒྱ་ནག་གཞུང་གིས་ཡོ་རོབ་ཁུལ་དཔལ་འབྱོར་ཉམ་རྒུད་ཀྱི་དཀའ་ངལ་སེལ་ཆེད་རྒྱལ་སྤྱིའི་མ་དངུལ་ཐེབས་རྩར་ཨ་རིའི་ཌོ་ལར་ཐེར་འབུམ་བཅུ་ཐམ་པ་གནང་རྒྱུའི་ཐག་གཅོད་གནང་བའི་ཐད་རྒྱ་གར་གྱི་ཕྱོགས་འགལ་ཚོགས་པ་ཚོས་རྒྱ་གར་རང་ཉིད་ཀྱི་དཔལ་འབྱོར་གནས་སྟངས་ཞན་པའི་སྐབས་འདིར་ཕྱི་རྒྱལ་ལ་རོགས་སྐྱོར་ཆེན་པོ་དེ་འདྲ་གནང་བར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་འདུག  འོན་ཀྱང་སྲིད་བློན་ མན་མོ་ཧན་སིངྒ་མཆོག་གིས་རྒྱ་གར་གྱིས་རོགས་སྐྱོར་གྱི་དངུལ་འབོར་གསལ་བསྒྲགས་མ་གནང་གོང་འབྲེལ་ཡོད་རྒྱལ་ཁབ་ བྭ་ར་ ཛིལ་དང༌། ར་ཤི་ཡ། རྒྱ་ནག་དང་ལྷོ་ཨཕ་རི་ཀའི་བཅས་ཀྱི་དབུ་ཁྲིད་རྣམས་དང་གྲོས་བསྡུར་གནང་ཡོད་ལུགས་གསུངས་པ་དང་སྦྲགས་དདུལ་འབོར་དེ་དག་དགོས་གལ་ནང་བྱུང་ལ་བེད་སྤྱོད་གཏོང་རྒྱུ་དང་དེའི་ལྷག་མ་རྒྱ་སྤྱའི་མ་དངུལ་ཐེབས་རྩའི་ནང་རྒྱ་གར་གྱི་མ་དངུལ་དུ་གསོག་འཇོག་བྱ་རྒྱུ་ཡིན་སྐོར་གསལ་བཤད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎