རྒྱ་གར་རྒྱལ་ཡོངས་གསར་འགོད་པས་༸གོང་ས་མཆོག་མཇལ་བ།

༸གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་དང་རིག་གཞུང་ཇི་སྲིད་སྲུང་སྐྱོབ་ཐུབ་པ་དེ་སྲིད་དུ་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་ཐུབ་རྒྱུ་ཡིན།

2012.06.02

༄༅༎༸གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་དང་རིག་གཞུང་ཇི་སྲིད་སྲུང་སྐྱོབ་ཐུབ་པ་དེ་སྲིད་དུ་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་ཐུབ་རྒྱུ་ཡིན་ཞེས་གསུངས་འདུག

ཕྱི་ཟླ་ ༦ ཚེས་ ༢ ཉིན་རྒྱ་གར་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ཐེབས་རྩ་ཚོགས་པའི་ཚོགས་མི་གྲངས་ ༥༠ ཙམ་བཞུགས་སྒར་དུ་ཆེད་བཅར་གྱིས། ༸གོང་ས་མཆོག་མཇལ་ཁ་ཞུས་ཡོད་པ་དང༌། གོང་ས་མཆོག་ནས་ཀྱང་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་ནང་གི་རིན་ཐང་དང་། ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཀྱི་མཛད་འཁུར་གཙོ་བོ་གཉིས་ཀྱི་ཐོག་བཀའ་སློབ་གནང་འདུག

གསར་འགོད་པས་བོད་དོན་དང་འབྲེལ་བའི་སྐོར་བཀའ་དྲི་ཞུ་སྐབས།  བཀའ་ལན་དུ་གསར་འགོད་པ་ཚོས་བོད་ཀྱི་གནད་དོན་ཇི་ཡིན་འཁྱོག་བཤད་མེད་པ་དྲང་པོའི་ལམ་ནས་བྱུང་རབས་ཁྲོད་་ འཕགས་བོད་ཀྱི་འབྲེལ་བ་ཇི་ཡོད་སྐོར་མི་ཐོག་གཞོན་པ་ཚོར་གསལ་བཤད་བྱེད་ཐུབ་པ་གལ་ཆེན་པོ་ཡིན་པ་དང༌། བོད་བརྒྱུད་ནང་བསྟན་ལ་གཞི་བཅོལ་བའི་རིག་གཞུང་དེ་རྒྱ་གར་ཧི་མཱ་ལའི་ས་མཚམས་སུ་ཁྱབ་བརྡལ་ཆགས་ཡོད་པར་བརྟེན། ཇི་སྲིད་རིག་གཞུང་དེ་སྲུང་སྐྱོབ་ཐུབ་པ་དེ་སྲིད་དུ་རྒྱ་གར་གྱི་ས་མཚམས་ཀྱི་རིམ་པ་དང་པོ་དེ་སྲུང་སྐྱོབ་ཐུབ་ཀྱི་རེད་ཅེས་བཀའ་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎