རྒྱ་གར་དུ་ལྐོག་ཟ་རུལ་སུངས་ལ་གདོང་ལེན།

རྒྱ་གར་གྲོས་ཚོགས་འོག་མའི་ནང་ལྐོག་ཟ་རུལ་སུངས་ལ་གདོང་ལེན་བྱེད་ཕྱོགས་ཀྱི་གྲོས་འཆར་ཞིག་བཏོན་ཡོད་འདུག

2011.08.04

༄༅༎དེ་རིང་རེས་གཟའ་ཕུར་བུའི་གྲོས་ཚོགས་ཀྱི་ཚོགས་དུས་སུ་རྒྱ་གར་གཞུང་ནས་ལོག་པལ་སྦིལ་ཞེས་པའི་ཁྲིམས་གཞི་གསར་གཏོད་བྱེད་རྒྱུའི་གྲོས་གཞི་བཏོན་ཡོད་འདུག གྲོས་གཞི་དེའི་ནང་གསལ་ལྟར་ན། རྒྱ་གར་གཞུང་གི་བློན་ཆེན་དང་ལས་བྱེད་མཐོ་གྲས་ཚོའི་ཐོག་ནས་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་བྱུང་བ་ཡིན་ན་དེ་དག་ཐོག་རྟོག་ཞིབ་དང་མང་ཚོགས་ནས་ཀྱང་ཞུ་གཏུགས་བྱེད་ས་ཡོད་པ་ཞིག་ཆགས་རྒྱུ་ཡིན་འདུག འོན་ཀྱང་འདས་པའི་ཟླ་བ་འགའ་ཤས་ནས་བཟུང་སྐྱེས་བུ་དམ་གེན་རྡིའི་རྗེས་འཇུག་ཨ་ན་ ཧ་ཛ་རེ་ཞུ་བ་དང་ཁོང་གི་རྒྱབ་སྐྱོར་བྱེད་མཁན་མཁས་དབང་། སྤྱི་ཚོགས་ཞབས་ཞུ་བ་འབྲེལ་ཡོད་མི་སྣ་ཁག་ཅིག་ནས་དགོས་འདུན་བཏོན་ནས་ཟིན་བྲིས་བཀོད་པ་གཞིར་བཟུང་ད་རེས་གྲོས་ཚོགས་ནང་བཏོན་པའི་གྲོས་གཞི་དེའི་ནང་ཁ་གསལ་མེད་པར་བརྟེན་ཁོང་ཚོས་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་པ་དང་། ལྷག་པར་དུ་དེ་རིང་གྲོས་ཚོགས་ནང་བཏོན་པའི་སྐབས་ཕྱོགས་འགལ་ཚོགས་པ་ཆེ་ཤོས་སྦི་ཇེ་པིའི་གནད་ཡོད་དཔོན་རིགས་སུཤ་མ་ སོ་ཝ་ར་ཇེ་ནས། གྲོས་གཞི་དེའི་ནང་། སྲིད་བློན་ལའང་ཁྲིམས་བཤེར་བྱེད་ཆོག་པའི་སྐོར་འདིའི་ནང་གསལ་མེད་ལུགས་བཤད་ནས་སྐྱོན་བརྗོད་བྱས་ཡོད་པ་རེད། སྤྱིར་བཏང་རྒྱ་གར་གཞུང་གི་ད་ཡོད་ཁྲིམས་ནང་གསལ་ལྟར་ན། སྲིད་བློན་ཙམ་མ་ཡིནཔར་བློན་ཆེན་དང་། ལས་བྱེད་མཐོ་གྲས་ཤིག་ཡིན་ནའང་ཁྲིམས་བཤེར་མ་བྱས་པའི་གོང་གཞུང་གི་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པ་རེད། ད་རེས་རྒྱ་གར་གྲོས་ཚོགས་ནང་འདི་ལྟབུའི་གྲོས་གཞི་བཏོན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ཉེ་བའི་ཟླ་བ་འགའ་ཤས་གོང་ནས་བཟུང་རྒྱ་གར་གྱི་བློན་ཆེན་ཁག་ཅིག་དང་། གནད་ཡོད་མི་སྣ་འགའ་ཤས་ནས་གཞུང་གི་དངུལ་ས་ཡ་མང་པོ་ལྐོག་ཟ་རུལ་སུངས་བྱས་པའི་ནག་ཉེས་ཕོག་པའི་མ་ཟད་འགའ་ཤས་ཁྲིམས་བཤེར་དང་དོ་དམ་འོག་བཞག་དགོས་པ་བྱུང་ནས་ད་ལྟའི་སྲིད་གཞུང་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎