རྒྱ་ནག་གིས་རྒྱ་གར་ཐོག་དྲག་རྒོལ་བྱེད་སྲིད་པའི་ཉེན་བརྡ།

རྒྱ་གར་གྱི་གནད་དོན་དབྱེ་ཞིབ་ཚོགས་པ་ཞིག་གིས་རྒྱ་ནག་གིས་རྒྱ་གར་ཐོག་དྲག་རྒོལ་བྱེད་སྲིད་པའི་ཉེན་བརྡ་བཏང་བ།

2012.02.29

༄༅༎རྒྱ་གར་གྱི་གནད་དོན་དབྱེ་ཞིབ་པའི་ཚོགས་པ་ཞིག་གིས་འདོན་སྤེལ་གནང་བའི་སྙན་ཐོའི་ནང། རྒྱ་ནག་གིས་རྒྱ་གར་ཐོག་དྲག་པོའི་ཚུར་རྒོལ་ཆེན་པོ་ཞིག་བྱས་པ་བརྒྱུད་རྒྱ་གར་གྱི་ས་ཆ་ཧམ་འཕྲོག་བྱ་སྲིད་པའི་ཉེན་བརྡ་བཏང་གནང་འདུག
དུས་རབ་༢༡པའི་ཆེད་དུ་ཕྱི་འབྲེལ་དང་ཐབས་ཇུས་སྲིད་བྱུས་ཞེས་འགོ་བརྗོད་དུ་འཁོད་པའི་སྙན་ཐོ་དེའི་ནང༌། ད་ཕན་གྱི་ལོ་འགའ་ཤས་རིང་རྒྱ་ནག་དང་ས་འབྲེལ་འཁེལ་སའི་རྒྱ་གར་གྱི་ས་མཚམས་ཁུལ་གནས་སྟངས་སྲ་བརྟན་ཡོད་ནའང༌།རྒྱ་ནག་གིས་དམག་དོན་དྲག་ཤུགས་བེད་སྤྱོད་བྱས་ནས་རྒྱ་གར་གྱི་ཨ་རུ་ཎ་ཅལ་མངའ་སྡེ་འམ་ལ་དྭག་ཁུལ་ས་ཆ་བཙན་བཟུང་ཧམ་འཕྲོག་བྱེད་སྲིད་པ་རེད་ཅེས་བཀོད་བཞག གོང་ཞུས་སྙན་ཐོ་དེ་བཞིན་ཁ་ས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང༌འགྲེམས་སྤེལ་སྐབས། རྒྱ་གར་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཤིལྦ་ཤང་ཀར་མེ་ནོན་དང་བདེ་འཇགས་སློབ་སྟོན་པ་ཟུར་པ་ཨེམ་ཀེ་ན་ར་ཡན་དང་སྦར་ཇེཤ མིཤ ར་བཅས་ཕེབས་ཞུགས་གནང་ཡོད་ཅིང༌། སྦར་ཇེཤ་མིཤ་ར་ཡིས་ རྒྱ་ནག་ནི་དུས་རྟག་ཏུ་པ་ཀིསི་ཐན་ལ་རྒྱབ་སྐྱོར་བྱས་ནས་ལྷོ་ཨེ་ཤི་ཡའི་འཐབ་རྩོད་ནང་རྒྱ་གར་མགོ་བོ་འཁོར་དུ་བཅུགས་མཁན་གྱི་ ཞེ་སྡང་ཅན་གྱི་རྒྱལ་ཁབ་ཅིག་ལ་ངོས་འཛིན་གནང་ཡོད་པ་དང༌། རྒྱ་ནག་གིས་དེ་ལྟར་བྱ་དགོས་དོན་ནི། ལྷོ་ཨེ་ཤི་ཡའི་རྩོད་རྙོག་ནང་རྒྱ་གར་ཚུད་པ་ཡིན་ན། ལྷོ་ཤར་ཨེ་ཤི་ཡ་དང་འཛམ་གླིང་སྤྱི་ཡོངས་ནང་རྒྱ་གར་གྱིས་གཞི་རྒྱ་ཆེ་བའི་འགན་འཁུར་བླངས་མ་ཐུབ་པ་ཆགས་རྒྱུ་ཡིན་པ་རྒྱ་ནག་གིས་གསལ་པོ་ཤེས་ཀྱི་ཡོག་རེད་ཅེས་སྦར་ཇེཤ་མིཤ་ར་ཡིས་འགྲེལ་བརྗོད་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎