རྒྱ་གར་བ་ཞིག་ལ་གསང་སྤྱོད་གསར་གཏོད་གནང་བའི་བྱ་དགའ།

རྒྱ་གར་གྱི་སྨན་པ་ཞིག་གིས་ཆུ་འགྲོ་ཆུང་བ་དང་འཕྲོད་བསྟེན་ལ་ཕན་པའི་གསར་སྤྱོད་ཁེ་པོ་གསར་གཏོད་གནང་བའི་བྱེད་རྗེས་ལ་བྱ་དགའ་ཐོབ་འདུག

2009.03.25

༄༅༎རྒྱ་གར་གྱི་སྨན་པ་ཞིག་གིས་ཆུ་འགྲོ་ཆུང་བ་དང་འཕྲོད་བསྟེན་ལ་ཕན་པའི་གསར་སྤྱོད་ཁེ་པོ་གསར་གཏོད་གནང་བའི་བྱེད་རྗེས་ལ་བྱ་དགའ་ཐོབ་འདུག

རང་ལོ་དྲུག་བཅུ་རེ་ལྔ་ལ་སླེབས་པའི་རྒྱ་གར་གྱི་སྨན་པ་སྦིན་རྡེཤི་ལྦར་པ་ཐཀ་གིས་ཕྱི་ལོ་༡༩༧༠ལོ་ནས་བཟུང་རྒྱ་གར་ནང་གཙང་སྦྲ་འཕྲོད་བསྟེན་ཡར་རྒྱས་གཏང་རྒྱུར་དམིགས་ཏེ་ཆུ་འགྲོ་ཆུང་བའི་གསང་སྤྱོད་སྟབས་བདེ་གསར་གཏོད་གནང་བའི་བྱེད་རྗེས་ལ་འདི་ལོའི་རྒྱལ་སྤྱིའི་ཆུའི་ལས་ཁུངས་ཀྱིས་བྱ་དགའ་ཌོ་ལར་ཆིག་འབུམ་ལྔ་ཁྲི་གནས་པ་དེ་ཁོང་པ་ཕུལ་རྒྱུ་ཡིན་འདུག ཁོང་གིས་གསར་གཏོད་གནང་བའི་གསང་སྤྱོད་དེ་ད་ཆ་ཁྱིམ་ཚང་ས་ཡ་གཅིག་ལྷག་གིས་བེད་སྤྱོད་བཏང་གིས་ཡོད་པ་མ་ཟད་ད་ཆ་འབྲུག་ཡུལ་དང་ཨཕ་ག་ནིསི་ཐན་ནང་ལ་ཁྱབ་ཡོད་འདུག སྨན་པ་པ་ཐཀ་གིས་གསར་གཏོད་གནང་བའི་ཆ་འགྲོ་ཆུང་བ་དང་སྟབས་བདེའི་གསང་སྦྱོད་བེད་སྤྱོད་ནམ་གཏོང་ལ་ཆུ་བླུག་དགོས་པ་དང་རིན་པ་སྤྲད་ནས་བེད་སྤྱོད་གཏོང་རྒྱུ་དང་བཙོག་གཅིན་རླངས་སུ་འགྱུར་རྒྱུ་སོགས་སྤྱི་ཚོགས་ཀྱི་གཙང་སྦྲ་འཕྲོད་བསྟེན་དང་འགྲོ་སོང་ཙམ་མ་ཡིན་པར་འཛམ་གླིང་གི་ཁོར་ཡུག་ལ་ཕན་ཐོགས་ཆེན་པོ་ཡོད་ལུགས་འགྲེལ་བརྗོད་བྱས་འདུག གསང་སྤྱོད་དེ་རིགས་རིང་མིན་ལྷོ་ཨཕ་རི་ཀའི་རྒྱལ་ཁབ་བཅུ་བཞིའི་ནང་གསར་གཏོད་གནང་རྒྱུའི་འཆར་གཞི་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎