རྒྱ་གར་དང་ཨ་རིས་པ་ཀིསྟན་ནང་གྱེན་ལོག་པར་དྲག་རྒོལ།

རྒྱ་གར་དང་ཨ་མི་རི་ཀའི་གནོན་ཤུགས་འོག་པ་ཀིསྟན་གཞུང་གིས་བྱང་ཕྱོགས་ལྦ་ཛི་རེསེ་ཐན་ནང་གྱེན་ལོག་པར་དྲག་རྒོལ་བྱེད་རྒྱུའི་གྲ་སྒྲིག།

2010.07.25

༄༅༎རྒྱ་གར་དང་ཨ་མི་རི་ཀའི་གནོན་ཤུགས་འོག་པ་ཀིསྟན་གཞུང་གིས་བྱང་ཕྱོགས་ལྦ་ཛི་རེསེ་ཐན་ནང་གྱེན་ལོག་པར་དྲག་རྒོལ་བྱེད་རྒྱུའི་གྲ་སྒྲིག་ཡོད་པའི་གནས་ཚུལ་ཐོན་འདུག

པ་ཀིསྟན་གྱི་བརྒྱད་ལམ་འདྲ་མིན་ནང་གནས་ཚུལ་ཐོན་བཞིན་པར་གཞིགས་ན་ པ་ཀིསྟན་དང་ཨཕ་ག་ནིསྟན་གྱི་ས་མཚམས་ཀྱི་ས་ཁུལ་བྱང་ཕྱོགས་ལྦ་ཛི་རེ་སེསྟན་ནང་རྒྱ་གར་གཞུང་གིས་ཨ་མི་རི་ཀའི་མཐུན་གྱུར་འོག་ཀུན་སློང་བྱས་པའི་འཐབ་རྩོད་ལ་ཁ་གཡོག་ནས་དོ་དམ་ཐོག་ ལ་ཤེ་ཁར་ཨི་ཏའི་བྭ་དང་ཧ་ག་ནི་ཞེས་པའི་སྒྲིག་འཛུགས་གཉིས་ལ་དྲག་རྒོལ་བྱེད་རྩིས་ཡོད་འདུག

གནས་ཚུན་ཐོན་པ་གཞིགས་ན་ ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལེ་རི་ཁི་ལིན་ཀྲེན་དང་སྲིད་འཛིན་ཨོ་བྭ་མྭ་ཡི་དམིགས་བསལ་སྐུ་ཚབ་རི་ཆརྜི་ཧོལ་བྭུརུཁ་དམག་སྤྱི་མའེཁ་མུལེན་བཅས་ཀྱིས་བྱང་ཕྱོགས་ལྦ་ཛི་རེ་སེ་ཐན་ཁ་བྲལ་གྱེན་ལོག་པ་ར་དྲག་རྒོལ་མཇུག་སྐྱོང་སླད་པ་ཀིསྟན་གྱི་དམག་སྤྱི་ཨཤེ་ཕཁ་པར་ལྦེཤེ་ཀ་ཡ་ཎི་ཡིས་ལས་རྒྱུན་ལོ་གསུམ་འཕར་འགྱངས་ཡོང་བར་པ་ཀིསྟན་གྱི་གཞུང་ལ་གནོན་ཤུགས་སྤྲད་ཡོད་ལུགས་འགྲེལ་བརྗོད་བྱས་འདུག། ཨ་རི་དང་རྒྱ་གར་གྱི་གནོན་ཤུགས་འོག་པ་ཀིསྟན་གྱི་གཞུང་གིས་རེས་གཟའ་པ་སངས་ཉིན་འཇིགས་སྐུལ་དྲག་སྤྱོད་པ་གདོན་ལེན་བྱེད་རྒྱུའི་ཆིངས་དོན་ཞིག་ཀྱང་ཁས་ལེན་བྱས་ཡོད་འདུག།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎