འབར་མའི་དྲག་པོའི་གཞུང་གི་འགོ་ཁྲིད་རྒྱ་གར་དུ་འཚམས་གཟིགས།

འབར་མའི་དྲག་པོའི་གཞུང་གི་དམག་སྤྱི་རྒྱ་གར་དུ་འཚམས་འདྲིར་ཕེབས་ཡོད་པ་ལྟར་རྒྱ་གར་གཞུང་འབྲེལ་གྱིས་ཕེབས་བསུའི་སྣེ་ལེན་ཞུས་འདུག

2010.07.27

༄༅༎འབར་མའི་དྲག་པོའི་གཞུང་གི་དམག་སྤྱི་ཐན་ཤ་ལྦེ་རྒྱ་གར་དུ་འཚམས་འདྲིར་ཕེབས་ཡོད་པ་ལྟར་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་གར་གཞུང་འབྲེལ་གྱིས་ཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང༌། འོན་ཀྱང་འབར་མའི་ནང་དམངས་གཙོ་ལམ་ལུགས་བཅོས་བསྒྱུར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་ཚོས་ཁོང་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།

དེ་ཡང་འབར་མའི་དྲག་པོ་གཞུང་གི་དབུ་ཁྲིད་དམག་སྤྱི་ཐན་ཤ་ལྦེ་ནི་རེས་གཟའ་ཉི་མའི་ཉིན་རྒྱ་གར་དུ་ཕེབས་འབྱོར་གྱིས་ཐོག་མར་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དང་དེའི་ཉེ་འཁོར་གྱི་ནང་པའི་དགོན་པ་ཁག་ལ་འཚམས་གཟིགས་སུ་ཕེབས་ཡོད་ཅིང༌། དེ་རིང་དངོས་སུ་རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་འཛིན་གྱི་ཕོ་བྲང་དུ་རྒྱལ་དོན་འཚམས་གཟིགས་འགོ་ཚུགསཕེབས་བསུའི་སྣེ་ལེན་ཞུས་ཡོད་པ་དང༌། ཡིན་ནའང་གནམ་གཤིས་ཆར་ཞོད་ཀྱིས་རྐྱེན་པས་རྒྱ་གར་གྱི་ཐོུང་མ་ཡིན་པའི་སྲུང་སྐྱོབ་པའི་རུ་སྟར་སྒྲིག་ཏེ་ཆེ་བསྟོད་ཀྱི་ཕེབས་བསུ་ཞུ་སྲོལ་ཡོད་པ་དེ་ལྟར་བྱུང་མེད་པ་རེད།

དགུང་གྲངས་༧༧ཕེབས་པའི་དམག་སྤྱི་ཐན་ཤ་ལྦེ་ཡིས་རྒྱ་གར་གྱི་རང་བཙན་འཐབ་རྩོད་གནང་མཁན་གྱི་མེས་པོ་དང་འཚེ་མེད་ཞི་བ་ལག་བསྟར་གནང་མཁན་གྱི་རྒྱལ་སྤྱིའི་ཆེ་བསྟོད་ཞུ་ཡུལ་གྱི་མ་ཧཏ་མ་གེན་རྡི་མཆོག་གི་བང་སོར་མེ་ཏོག་གི་ཕྲེང་བ་ཕུལ་བར་ཕེབས་པ་མ་ཟད། དེ་རིང་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེ་སི་ཨེམ་ཀི་རིཤ་ན་དང་མཇལ་འཕྲད་གནང་བ་དང་དེ་རྗེས་ཕྱི་དྲོ་སྲིད་བློན་མན་མོ་ཧན་སིང་མཆོག་དང་མཇལ་འཕྲད་ཞུ་རྒྱུའི་འཆར་གཞི་ཡོད་པ་རེད། འོན་ཀྱང་དེ་རིང་ཁོང་ལ་ངོ་རྒོལ་བྱེད་མཁན་ཚོས་དེ་སྔོན་ཕྱི་ལོ་༢༠༠༧ ལོར་འབར་མའི་དགེ་འདུན་པས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ཐོག་ཡ་ང་སྙིང་རྗེ་མེད་པའི་ཐོག་ནས་དྲག་གནོན་བྱེད་མཁན་ཞིག་ཡིན་པའི་ངོ་རྒོལ་བྱས་ཡོད་ཅིང༌། དེ་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་དམག་སྤྱི་ཐན་ཤ་ལྦེ་ཡི་འབར་མའི་རྒྱལ་ཁབ་དེར་འཛམ་གླིང་གི་རྒྱལ་ཁབ་མང་པོས་ཉེས་ཆད་གཏོང་རྒྱུར་དམིགས་འབེན་བྱེད་ཡུལ་ཞིག་ཡིན་པ་དེར་རྒྱ་གར་གཞུང་འབྲེལ་གྱི་འཚམས་འདྲིའི་སྣེ་ལེན་བྱེད་པའི་ཐག་གཅོད་ལ་སྐྱོན་བརྗོད་དང་ངོ་རྒོལ་བྱས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎