རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་ཡོད་གསུངས་བ།


2016.02.24
རྒྱ་གར་སྲིད་འཛིན་Pranab Mukherjee རྒྱ་གར་སྲིད་འཛིན་Pranab Mukherjeeམཆོག་གི་ཉེ་པར།
དྲ་བཤུས།/india.com

དེ་ཡང་དེང་གི་ཆར་འཛམ་གླིང་གང་སར་དཔལ་འབྱོར་གྱི་གནས་སྟངས་ལྷིང་འཇགས་མེད་པའི་སྐབས་འདིར་རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་སྲ་བརྟན་ཡོད་པ་རྒྱ་གར་སྲིད་འཛིན་ Pranab Mukherjeeཡིས་གསུངས་འདུག
དེ་ནི་ཁ་ས་ཕྱི་ཚེས་༢༣ཉིན་རྒྱ་གར་གྱི་གྲོས་ཚོགས་གོང་འོག་ཚང་འཛོམས་ཀྱི་ཐོག་གསུང་བཤད་ཅིག་གནང་བའི་ནང༌། རྒྱ་གར་སྲིད་འཛིན་Pranab Mukherjee ཡིས། རྒྱ་གར་ནང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་དུ་གཏོང་རྒྱུའི་ཆེད། ད་ལྟའི་གཞུང་གིས་ཚོང་ལས་གཉེར་མཁན་ཚོར་གཞུང་གི་ཆོག་མཆན་སྤྲོད་རྒྱུ་ལས་སླ་རུ་བཏང་བ་དང༌། ཚོང་ལས་ལ་འགོག་རྐྱེན་བཟོ་གཞིའི་ཁྲིམས་རྙིང་པ་ཁག་ཅིག་མེད་པ་བཟོས་པ། དཔྱ་ཁྲལ་འདུ་ལེན་ལས་སླ་རུ་བཏང་བ། ཕྱི་རྒྱལ་གྱི་ཚོང་འབྲེལ་ཁེ་གཉེར་ལས་ཁང་ཁག་གིས་རྒྱ་གར་ནང་ཚོང་ལས་གཉེར་རྒྱུ་དང་། མ་རྩ་འཛུགས་འཇོག་བྱ་རྒྱུ་ལས་སླ་རུ་བཏང་བ་སོགས་ཀྱི་རྐྱེན་པས་འཛམ་གླིང་དངུལ་ཁང་ནས་ཀྱང་རྒྱ་གར་དེ་བཞིན་ད་ཆ་ཚོང་ལས་གཉེར་རྒྱུར་སྟབས་བདེ་པོ་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཡོད་པར་ངོས་འཛིན་གནང་ཡོད་པ་ལྟར། དེང་སྐབས་རྒྱ་གར་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་མཐོ་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་པའི་ཐོག་ཉེ་དུས་ནས་བཟུང་རྒྱ་གར་གཞུང་གིས་རྒྱལ་ཁབ་ཀྱི་གཞོན་སྐྱེས་ཚོར་ལས་ཀ་ཐོབ་ཐབས་དང༌། ཡང་ན་གཞོན་སྐྱེས་ཚོས་ཚོང་ལས་རྩག་རྩིག་གཉེར་ཐུབ་རྒྱུར་དམིགས་པའི་ལས་འཆར་འགའ་ཤས་ལག་བསྟར་བྱེད་འགོ་ཚུགས་པ་དེ་དག་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་གནས་སྟངས་ད་དུང་བཟང་དུ་འགྲོ་བའི་རེ་བ་གནང་གི་ཡོད་ཅེས་གསུངས་འདུག   

གསར་འགོད་པ་ངག་དབང་ཆོས་འཕེལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎