མུམ་སྦའེའི་འཇིཌ་སྐུལ་དྲག་ལས་ལ་པ་ཀི་སི་ཐན་ཐེ་ཇུས་ཡོད་སྐོར།

རྒྱ་གར་གྱི་སྲིད་བློན་ནས་མུམ་སྦའེ་ནང་འཇིགས་བསྐུལ་དྲག་ལས་དེའི་ནང་པ་ཀི་སི་ཐན་གཞུང་གི་འབྲེལ་ཡོད་ཚན་པའི་ཐེ་བྱུས་ཡོད་པ་གསུངས་འདུག

2009.01.06

༄༅༎རེས་གཟའ་མིག་དམར་ཉིན་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་བསྐུལ་དྲག་སྤྱོད་པའི་དྲག་ལས་དེའི་ནང་པ་ཀི་སི་ཐན་གཞུང་གི་འབྲེལ་ཡོད་ཚན་པའི་ཐེ་བྱུས་ངེས་པར་ཡོད་པ་ཞིག་ཡིན་པ་གསུངས་འདུག འོན་ཀྱང་ཁོང་གིས་དྲག་ལས་དེའི་བྱེད་ལྟེ་པ་ཀི་སི་ཐན་གྱི་གཞུང་ཡིན་པ་དངོས་སུ་གསུངས་མེད་པ་རེད།

རྒྱ་གར་གྱི་སྲིད་བློན་མཆོག་གིས་རེས་གཟའ་མིག་དམར་ཉིན་གྱི་གསུང་བཤད་འདི་ནི་མུམ་སྦའེ་གྲོང་ཁྱེར་ནང་འཇིགས་བསྐུལ་དྲག་སྤྱོད་པས་དྲག་རྒོལ་བྱས་པའི་གནད་དོན་བཀའ་མོལ་གནང་པའི་ནང་གི་ཚིག་ཤུགས་ཆེ་ཤོས་དེ་ཡིན་པ་དང་ཁོང་གིས་དྲག་ལས་དེ་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ལཤེ་ཀར་ཨི་ཏཡི་སྦ་ཞེས་པ་འཇིགས་བསྐུལ་དྲག་སྤྱོད་ཀྱི་ཚོགས་པ་དེ་ཡིན་པ་གསུངས་ན་ཡང་དྲག་སྤྱོད་པ་ཚོས་འཆར་གཞི་བཀོད་ཕྱོགས་དང་དམག་ལས་གནད་ཕིགས་ཀྱི་ཐོག་ནས་དྲག་ལས་སྤེལ་ཕྱོགས་སོགས་ཀྱི་གནས་བབ་ལ་ཞིབ་དཔྱོད་བྱས་འབྲས་སུ་ངེས་པར་ཁོང་ཚོར་པ་ཀི་སི་ཐན་གཞུང་འབྲེལ་གྱི་སྡེ་ཚན་ཁག་ནས་རྒྱབ་སྐྱོར་ཐོབ་ཡོད་པའི་དཔངས་རྟགས་འདེངས་ཡོད་པ་འགྲེལ་བརྗོད་གནང་འདུག

རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་པ་ཀི་སི་ཐན་གཞུང་འབྲེལ་གྱི་སྡེ་ཚན་གང་ཞིག་གིས་ཐེ་ཇུས་ཡོད་མེད་དངོས་སུ་མིང་འབོད་གནང་མེད་ན་ཡང་རྒྱ་གར་གཞུང་གིས་འདི་སྔོན་རྒྱ་གར་གྱི་ནང་དྲག་སྤྱོད་པས་གཏོར་རྒོལ་བྱུང་བའི་ལས་དོན་གྱི་ནང་པ་ཀི་སི་ཐན་དམག་དཔུང་གི་སྟངས་འཛིན་འོག་ཡོད་པའི་དབུས་གསང་བའི་ལས་ཁུངས་ཀྱི་ཐེ་བྱུས་ཡོད་པ་ལན་མང་བརྗོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎