རྒྱ་གར་གཞུང་གིས་ཟླ་བའི་ནང་མཁའ་གྲུ་གཏོང་འཆར་ཡོད་པ།

རྒྱ་གར་གཞུང་གིས་མི་མེད་པའི་རང་འགུལ་གྱི་མཁའ་གྲུ་དེ་སང་ཉིན་ཟླ་བའི་གྲོང་ཁྱེར་ནང་གཏོང་རྒྱུའི་གྲ་སྒྲིག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་

2008.10.21

༄༅༎རྒྱ་གར་གཞུང་གིས་ཟླ་བའི་གྲོང་ཁྱེར་ནང་མཁའ་གྲུ་གཏོང་རྒྱུའི་ལས་འཆར་ཐོག་མ་དེ་གང་ལེགས་ངང་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད་ རྒྱ་གར་གྱི་ཊ་མིལ་ན་དྲུ་མངའ་སྡེའི་སིརི་ཧ་རི་ཀོ་ཊ་ཞེས་པའི་ས་ཁུལ་ནང་རྟེན་གཞི་བྱས་པའི་སཱ་ཏིཤ་རྡ་ལྦན་མཁའ་དབྱིངས་རྟོགས་ཞིབ་ཁང་གི་ཚན་རིག་པ་ཚོས་སང་ཉིན་རེས་གཟའ་ལྷག་པའི་སྔ་དྲོ་མིང་ལ་ཅན་རྡར་ཡའན་དང་པོ་འམ་ཟླ་བའི་མཁའ་དབྱིངས་ཀྱི་གྲུ་ཨང་དང་པོ་ཞེས་པ་མི་མེད་པའི་རང་འགུལ་གྱི་མཁའ་གྲུ་དེ་ཟླ་བའི་གྲོང་ཁྱེར་ནང་གཏོང་རྒྱུའི་གྲ་སྒྲིག་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད་ མཁའ་དབྱིངས་རྟོགས་ཞིབ་ཚོགས་པའི་མགྲིན་ཚབ་པ་ཨེསི་ས་ཏིཤ་ཞུ་བས་དེ་ནི་རྒྱ་གར་གྱི་འཕྲུལ་རིགས་ལག་རྩལ་གྱི་ཚད་མཐོའི་ཡར་རྒྱས་ཀྱི་རྣམ་པ་ཆེན་པོ་ཞིག་མཚོན་གྱི་ཡོད་ཅེས་གསུངས་ཡོད་པ་རེད་

གནས་ཚུལ་ཐོན་ཁུངས་ལ་གཞིགས་ན་རྒྱ་གར་གཞུང་གིས་ཅན་རྡ་ར་ཡའན་དང་པོ་ཞེས་པའི་མཁའ་གྲུ་བཟོ་བསྐྲུན་གོ་སྒྲིག་གི་ཆེད་དངུལ་འབོར་ཨ་རིའི་དངུལ་སྒོར་ས་ཡ་བརྒྱད་ཅུ་ལྷག་བཏང་ཡོད་སྐོར་གསུངས་ཀྱི་ཡོད་པ་དང་མཁའ་གྲུ་དེ་ཟླ་བའི་གྲོང་ཁྱེར་ནང་བཏང་བ་བརྒྱུད་ཟླ་བའི་གྲོང་ཁྱེར་གྱི་ཕྱིའི་ས་དབྱིབས་དང་ནང་གི་དངོས་རྫས་སོགས་ལ་དཔར་ལེན་བྱ་རྒྱུ་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎