རྒྱ་གར་གྱིས་པ་ཀི་སི་ཏན་ཐོག་བསྐྱར་དུ་གནོན་ཤུགས་སྤྲད་པ།
2008.12.13
༄༅༎རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ལ་ཉེ་ཆར་འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་གྱི་བྱ་སྤྱོད་སྤེལ་བའི་རྗེས་རྒྱ་གར་གཞུང་གིས་པ་ཀི་སི་ཏན་གཞུང་ནས་ཡུལ་དེའི་ནང་ཡོད་པའི་ཨི་སེ་ལམ་དྲག་སྤྱོད་ཤོག་ཁག་ཐོག་རྡུང་རྡེག་གཏང་རྒྱུའི་སྐུལ་མ་གནང་ཡོད་པ་བཞིན་ད་རེས་གཟའ་སྤེན་པའི་ཉིན་རྒྱ་གར་གཞུང་གིས་པ་ཀི་སི་ཏན་གཞུང་ནས་ཡུལ་དེའི་ནང་ཡོད་པའི་ཨི་སེ་ལམ་དྲག་པོའི་ཚོགས་པ་ཁག་ལ་རྡུང་རྡེག་གཏང་དགོས་པའི་གནོན་ཤུགས་བསྐྱར་དུ་སྤྲད་ཡོད་པ་དང་དེ་ནི་ད་རེས་པ་ཀི་སི་ཏན་གཞུང་གིས་ལཤེ་ཀར་ཨེ་ཏོའེ་སྦ་ཟེར་བའི་དྲག་སྤྱོད་ཤོག་ཁག་གི་ཚོགས་མི་ཁག་ཅིག་འཛིན་བཟུང་བྱས་པའི་རྗེས་རྒྱ་གར་གཞུང་གིས་པ་ཀི་སི་ཏན་གཞུང་གིས་མུ་མཐུད་ནས་ཡུལ་དེའེ་ནང་གནས་པའི་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཁག་ལ་རྡུང་རྡེག་གཏོང་རྒྱུའི་སྐུལ་མ་གནང་བ་ཞིག་ཡིན་པ་དང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་གིས་གསུངས་ན་འཇིགས་སྐུལ་དྲག་སྤྱོད་པ་ཚོས་རང་ཡུལ་གྲུ་དང་ཕྱི་རྒྱལ་ཡུལ་གྲུ་ཐ་ན་འཛམ་གླིང་ཁྱོན་ཡོངས་ཀྱི་དམངས་གཙོར་ཁ་གཏད་བྱེད་བཞིན་ཡོད་པ་དང་དེར་བརྟེན་རྒྱལ་ཁབ་གང་དྲ་ཞིག་གི་སྲིད་གཞུང་ཡིན་ཡང་འཛམ་གླིང་ཞི་བདེར་གནོད་པའི་འཇིགས་སྐུལ་དྲག་སྤྱོད་པར་རྡུང་རྡེག་གཏོང་རྒྱུ་དེ་ནི་སྲིད་གཞུང་གི་ལས་འགན་ཞིག་རེད་ཅེས་གསུངས་ཡོད་པ་རེད།།