རྒྱ་གར་གྱི་དཔལ་འབྱོར་གནས་སྟངས་སྐོར་གསལ་བཤད་བྱས་པ།

འཛམ་གླིང་ནང་དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་འགྲོ་བཞིན་ཡང་རྒྱ་གར་གྱི་དཔལ་འབྱོར་གྱི་གནས་སྟངས་དེ་ལྟར་མེད་སྐོར་གསུང་འདུག

2008.11.24

༄༅༎དེང་སྐབས་འཛམ་གླིང་ནང་དཔལ་འབྱོར་གྱི་གནས་སྟངས་ཉམས་རྒུད་འགྲོ་བཞིན་ཡང་རྒྱ་གར་གྱི་དཔལ་འབྱོར་གྱི་གནས་སྟངས་དེ་ལྟར་མེད་སྐོར་དཔལ་འབྱོར་བློན་ཆེན་ཅི་རྡམ་སྦ་རམ་མཆོག་གིས་གསུང་འདུག

ཁོང་གིས་རྒྱ་གར་གྱི་དཔལ་འབྱོར་གྱི་གནས་བབ་དེ་ཉམས་རྒུད་འགྲོ་བའི་གནས་བབ་ཀྱི་ཉེ་འཁྲིས་སུའང་སླེབས་མེད་སྐོར་ཁོང་གིས་རྒྱལ་ས་ལྡི་ལིའི་ནང་ཚོགས་པའི་རྒྱ་གར་གྱི་དཔལ་འབྱོར་གྱི་གནད་དོན་ཐོག་གསར་འགོད་གནང་མཁན་གྱི་ལྷན་ཚོགས་ཤིག་ཐོག་གསུང་འདུག ཡང་ཁོང་གིས་དཔལ་འབྱོར་ཉམས་རྒུད་དེ་ལོ་ངོ་གཅིག་གི་ཟླ་ངོ་གསུམ་རེ་བྱས་པ་གཉིས་ནང་ཉམས་རྒུད་འགྲོ་བ་དེར་ཟེར་གྱི་ཡོད་སྟབས་རྒྱ་གར་ནི་དེའི་ཉེ་འཁྲིས་སུའང་སླེབས་ཡོད་པ་མ་རེད་ཅེས་གསུང་འདུག ཡང་ཅི་རྡམ་སྦ་རམ་མཆོག་གིས་རྒྱ་གར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚད་གཞི་དེ་ཆུང་དུ་ཕྱིན་ཡང་འཛམ་གླིང་གི་རྒྱལ་ཁབ་ཁོངས་ནས་དཔལ་འབྱོར་འཕེལ་རྒྱས་མྱུར་ཚད་གཉིས་པ་དེར་མུ་མཐུད་གནས་རྒྱུ་ཡིན་སྐོར་གསུང་འདུག ཁོང་གི་མུ་མཐུད་ནས་གོང་ཞུས་ལྷན་ཚོགས་སུ་ཕེབས་པའི་གསར་འགོད་པ་རྣམས་པར་ཡུལ་གྱི་དཔལ་འབྱོར་གྱི་འཕེལ་རྒྱས་དེ་ཆུང་དུ་འགྲོ་རྒྱུར་གྲ་སྒྲིག་བྱེད་དགོས་སྐོར་གསུང་པ་དང་ཆབས་ཅིག་འཛམ་གླིང་གི་དཔལ་འབྱོར་གྱི་གནས་བབ་ཐོག་ལྷིང་འཇག་བྱུང་བ་ཡིན་ན་དཔལ་འབྱོར་གྱི་འཕེལ་ཚད་དེ་བརྒྱ་ཆ་དགུ་བར་བསྐྱར་གསོ་ཡོང་རྒྱུ་ཡིན་སྐོར་གསུང་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎