རྒྱ་གར་ནང་ཆར་པ་མ་འབབ་པའི་དཀའ་ངལ།

འདི་ལོ་རྒྱ་གར་ནང་ཆར་ཆུ་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཞིང་པ་མང་ཚོགས་བློ་འཚབ་བྱེད་དགོས་པ་འགྱུར་བཞིན་ཡོད་འདུག

2009.06.24

༄༅༎རྒྱ་གར་ནང་ད་ལྟ་ཆར་ཞོད་ཀྱི་དུས་ཆོད་དེ་ཡིན་ནའང་འདི་ལོ་རྒྱ་གར་ནང་ཆར་ཆུ་མེད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཞིང་པ་མང་ཚོགས་བློ་འཚབ་བྱེད་དགོས་པ་འགྱུར་བཞིན་ཡོད་འདུག

རྒྱ་གར་དབུས་གཞུང་གི་བློན་ཆེན་པིརིཐ་ལྦི་རཇ་ཆ་ལྦན་ཞུ་བས་དབྱིན་ཇིའི་སྦི་སྦི་སི་གསར་འགྱུར་ལས་ཁང་ལ་ཆར་པ་ལྡེང་ངེས་མེད་པའི་དཀའ་ངལ་ཡོད་ནའང་དཀའ་ངལ་དེར་བློ་འཚབ་ཆེན་པོ་བྱ་དགོས་དོན་མེད་པ་དང་ཟླ་བ་བདུན་པའི་ནང་ཆར་ཤུགས་ཆེན་པོ་ཡོང་ངེས་ཀྱིས་དེས་ཐན་པའི་གནོད་འཚེ་མི་ཕོག་པ་ཡོང་གི་རེད་ཅེས་ངོ་སྤྲོད་གནང་ཡོད་པ་རེད།

ཕྱི་ཟླ་དྲུག་པ་ནས་དགུ་པའི་ཆར་ཞོད་ཀྱི་དུས་ཚོད་ལ་ཆར་པ་དགོས་པ་དེ་ཞིང་པ་མང་ཚོགས་ལ་སྟོན་འབྲས་ཡག་པོ་ཡོང་རྒྱུར་མེད་ཐབས་མེད་པ་ཞིག་ཡིན་པ་དང་རྒྱ་གར་གྱི་ཡུལ་མི་བརྒྱ་ཆ་བདུན་བཅུ་ཙམ་གྱི་འཚོ་བ་སོ་ནམས་ཞིང་ལས་ལ་བརྟེན་བཞིན་ཡོད་པ་དང་དེའི་ནང་ཞིང་པ་མང་ཚོགས་བརྒྱ་ཆ་དྲུག་བཅུའི་སྟོན་འབྲས་ཆ་ཚང་ཆར་ཆུར་བརྟེན་དགོས་ཀྱི་ཡོད་པ་རེད།

རྒྱ་གར་གྱི་གསར་ཤོག་ཁག་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན་ཉུང་མཐར་ཡང་རྒྱ་གར་གྱི་མངའ་སྡེབརྒྱད་ཙམ་གྱི་ནང་ཆར་ཆུ་དུས་ཐོག་མ་འབབ་པའི་དཀའ་ངལ་ཆེན་པོ་འཕྲད་བཞིན་མང་ཚོགས་རྣམས་ཅི་བྱ་ལྟོས་མེད་གྱུར་ཏེ་ཆར་ཆུ་ཡོང་ཐབས་སུ་སྨོན་ལམ་གསོལ་འདེབས་རིམ་པ་ཞིག་བྱེད་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎