བོད་དང་རྒྱ་གར་བར་བླ་སློབ་ཀྱི་འབྲེལ་བ་ཟབ་མོ་ཡོད།


2017.05.23
༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་(Karnataka)མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན། ༢༠༡༧།༥།༢༣ ༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་(Karnataka)མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་ལྷན། ༢༠༡༧།༥།༢༣
ཽOHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ལྷོ་ཕྱོགས་གྲོང་ཁྱེར་(Banglore)དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་ལྟར། ང་ཚོ་བོད་པ་དང་རྒྱ་གར་ནི་བླ་སློབ་ཀྱི་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་པའི་སྐོར་བཀའ་སློབ་གནང་འདུག
དེ་ཡང་ཕྱི་ཟླ་ལྔ་པའི་ཚེས་༢༣ ཉིན་གྱི་སྔ་དྲོར་གྲོང་ཁྱེར་(Banglore)དུ་ཚོགས་པའི་རྒྱ་གར་གྱི་རྩ་ཁྲིམས་རྩོམ་བྲིས་གནང་མཁན་སྐུ་ཞབས་(B.R. Ambedkar)མཆོག་དང་སྤྱི་ཚོགས་ཀྱི་ཁྲིམས་ལུགས་དྲང་བདེན་ཞེས་པའི་མངའ་སྡེ་རིམ་པའི་ལྷན་ཚོགས་ཐོག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས་རྒྱ་གར་ནི་ང་ཚོའི་བླ་མ་འམ་དགེ་རྒན་ཡིན་པ་དང་། ང་ཚོ་ནི་རྒྱ་གར་གྱི་སློབ་མ་ཡིན་ཞིང་། ང་ཚོ་བོད་པ་ཚོས་རྒྱ་གར་གྱི་གནའ་བོའི་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་བཞིན་ཡོད་པར་བརྟེན་ནས་ང་ཚོ་ནི་རྒྱ་གར་གྱི་སྙོན་མེད་ཀྱི་སློབ་མ་ཡིན་ཞིང་། ལྷག་པར་དུ་ང་ཚོ་ནི་རྒྱ་གར་གྱི་རྩ་ཆེའི་གནའ་བོའི་རིག་གཞུང་ཁྱབ་འཕེལ་གཏོང་མཁན་ཞིག་ཀྱང་ཡིན་ལ་༧གོང་ས་མཆོག་སྐུ་སྒེར་གྱི་ངོས་ནས་ཀྱང་། རྒྱ་གར་གྱི་གནའ་བོའི་ཤེས་ཡོན་གསན་བསམ་མཛད་གནང་བའི་ཐོག་རྒྱ་གར་ནང་དུས་ཡུན་རིང་པོ་བཞུགས་པ་དེ་ཡིས་རྒྱ་གར་གྱི་བུ་ཕྲུག་ཅིག་ཡིན་པ་རྟག་ཏུ་ངོས་འཛིན་གནང་གི་ཡོད་པའི་སྐོར་བཀའ་གནང་ཡོད་པ་རེད།
ལྷན་ཚོགས་དེའི་ཐོག་རྒྱ་གར་ལྷོ་ཕྱོགས་(Karnataka)མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་། རྒྱ་གར་གྲོས་ཚོགས་ཀྱི་(Congress)ཆབ་སྲིད་ཚོགས་པའི་དབུ་ཁྲིད་གཙོས་(Karnataka)མངའ་སྡེ་གཞུང་གི་སྐུ་ཚབ་དང་། བོད་པའི་ནང་པའི་གནད་ཡོད་མི་སྣ་བརྒྱ་གྲངས་མཉམ་ཞུགས་གནང་ཡོད་པ་རེད།
སྤྱི་ཚོགས་ཀྱི་ཁྲིམས་ལུགས་དྲང་བདེན་དང་སྐུ་ཞབས་(BR Ambedkar)
ཞེས་པའི་ལྷན་ཚོགས་དེ་ནི་སྐུ་ཞབས་(BK Ambekar)འཁྲུངས་ནས་ལོ་ངོ་༡༢༥ འཁོར་བའི་དུས་དྲན་དང་སྟབས་བསྟུན་ནས་ (Karnataka)མངའ་སྡེའི་གཞུང་གི་སྤྱི་ཚོགས་ཀྱི་ཁྲིམས་ལུགས་སྡེ་ཚན་ནས་གོ་བསྒྲིགས་གནང་བ་ཞིག་ཡིན་པ་རེད།

གསར་འགོད་པ་ཉི་མ་གཡུ་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎