རྒྱ་གར་གཞུང་གིས་ཨཕ་ག་ནིསྟན་ལ་རོགས་སྐྱོར་མཇུག་སྐྱོང༌།
2011.01.09
༄༅༎རྒྱ་གར་གཞུང་གིས་དམག་འཐབ་ཀྱིས་ཕུངས་པའི་ཨཕ་ག་ནིསྟན་ལ་མཐུན་འགྱུར་གྱི་རྒྱབ་སྐྱོར་མཇུག་སྐྱོང་གནང་རྒྱུའི་ཁས་ལེན་གནང་ཡོད་པའི་གནས་ཚུལ་ཐོན་འདུག
རེས་གཟའ་ཉི་མའི་ཉིན་ཡུལ་དེར་གཟིགས་སྐོར་དུ་ཕེབས་པའི་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ཨེ་སེ་ཨེམ་ཀིརྴིཎ་མཆོག་གིས་རྒྱ་གར་གཞུང་གིས་དམག་འཐབ་ཀྱིས་ཕུངས་པའི་ཨཕ་ག་ནིསྟན་གྱི་དཀའ་རྙོག་སེལ་བའི་ཆེད་དུ་རོགས་སྐྱོར་མཇུག་སྐྱོང་གནང་རྒྱུའི་ཁས་ལེན་གནང་ཡོད་འདུག རྒྱལ་ས་ཀ་སྦུལ་ནང་ཡུལ་དེའི་ཕྱི་སྲིད་བློན་ཆེན་ཛལ་མའེ་ར་སུའུལ་གྱི་ལྷན་དུ་གསར་འགོད་ལྷན་ཚོགས་ཤིག་གི་སར་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ ཀིརྴིཎ་མཆོག་གིས་ རྒྱ་གར་གཞུང་གིས་ཨཕ་ག་ནིསྟན་གྱི་ཕུག་རྒྱང་རིང་པོའི་དཀའ་ངལ་སེལ་རྒྱུར་མཐུན་འགྱུར་དང་རོགས་སྐྱོར་མཇུག་སྐྱོང་གནང་རྒྱུའི་ཁས་ལེན་གནང་ཡོད་ཅེས་གསུངས་ཡོད་འདུག