འབར་མའི་དབུ་ཁྲིད་དམག་སྤྱི་རྒྱ་གར་དུ་འཚམས་འདྲི་བྱེད།

འབར་མའི་དྲག་པོའི་གཞུང་གི་དབུ་ཁྲིད་དམག་སྤྱི་ཐན་ཤལྦེ་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་གར་དུ་འཚམས་འདྲིར་འབྱོར་ཡོད་པའི་གནས་ཚུལ།

2010.07.25

༄༅༎འབར་མའི་དྲག་པོའི་གཞུང་གི་དབུ་ཁྲིད་དམག་སྤྱི་ཐན་ཤལྦེ་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་གར་དུ་འཚམས་འདྲིར་འབྱོར་ཡོད་པ་དེ་ནི་ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཐབས་ཇུས་གོང་འཕེལ་གཏོང་རྒྱུའི་དམིགས་ཡུལ་ཡོད་པ་བཞིན་ཡུལ་གྲུ་གཉིས་བར་འཇིགས་སྐུལ་དྲག་སྤྱོད་པར་མཉམ་སྦྲེལ་གྱིས་གདོང་ལེན་བྱ་རྒྱུའི་གྲོས་མཐུན་ཁག་ཅིག་ལ་མཚན་རྟག་རྒྱབ་རྒྱུ་ཡིན་པ་རེད།

འབར་མའི་དྲག་པོའི་གཞུང་གི་དམག་སྤྱི་ཐན་ཤལྦེ་ནི་ཕྱིའི་རྒྱལ་ཁབ་ནང་འཚམས་འདྲིར་བསྐྱོད་པ་ཧ་ཅང་ཉུང་ཉུང་ཡིན་ཞིང༌། རྒྱལ་ས་ལྡི་ལིར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིང་མཆོག་དང་དེ་བཞིན་རྒྱ་གར་གྱི་མཐོ་རིམ་དཔོན་རིགས་ཁག་དང་མཇལ་འཕྲད་གནང་རྒྱུ་དང༌། དེ་དང་ཕྱོགས་མཚུངས་ཁྱིམ་མཚེས་ཡུལ་གྲུ་གཉིས་བར་གྱི་ས་མཚམས་ཐོག་ཐོན་བཞིན་པའི་འཇིགས་སྐུ་དྲག་སྤྱོད་པའི་བྱ་སྤྱོད་དང་ཐ་མག་ཉལ་ཐག་ཁྲིམས་འགལ་གྱི་ཚོང་འགྲེམས་དང་ནག་ཚོང་རྒྱག་པའི་བྱ་སྤྱོད་ཐོག་མཉམ་ལས་བྱ་རྒྱུའི་གྲོས་མཐུན་ཁག་ཐོག་མཚན་རྟགས་རྒྱབ་རྒྱུའི་འཆར་གཞི་ཡོད་པ་རེད། ད་རེས་དམག་སྤྱི་ཐན་ཤལྦེ་ཡི་འཚམས་འདྲི་རྒྱ་གར་ཤར་ཕྱོགས་གནས་ཕྱོགས་རྡོ་རྗེ་གདན་ནས་འགོ་བཙུགས་བྱ་རྒྱུ་དང་དེ་རྗེས་མུ་མཐུད་རྡོ་རྗེ་གདན་གྱི་ཉེ་ཁྲིས་ཀྱི་ནང་པའི་དགོན་པ་ཁག་ཅིག་ལ་འཚམས་འདྲིར་ཕེབས་རྒྱུ་ཡིན་ཞིང༌། རྒྱལ་ས་ལྡི་ལིའི་སྤྱི་གླིང་ཞིག་ནང་དེ་རིང་ཐན་ཤལྦེ་རྒྱ་གར་ས་ཐོག་ཏུ་འབྱོར་བའི་སྐབས་དང་བསྟུན་འབར་མའི་དགེ་འདུན་པའི་མཉམ་སྦྲེལ་མཐུན་ཚོགས་དང༌། འབར་མའི་སློབ་ཕྲུག་མཉམ་སྦྲེལ་མཐུན་ཚོགས་ཀྱི་ཚོགས་མི་སོགས་འབར་མའི་རྒྱལ་ཁབ་དམངས་གཙོ་ཕྱོགས་སུ་བཅོས་བསྒྱུར་གཏོང་རྒྱུར་རྒྱབ་སྐྱོར་བྱེད་མཁན་མི་ཉུང་བ་ཞིག་འདུ་འཛོམས་ཀྱིས་འབར་མའི་ནང་དམངས་གཙོ་དར་འཕེལ་གཏོང་དགོས་པའི་ངོ་རྒོལ་བྱས་པ་མ་ཟད། རེས་གཟའ་མིག་དམར་ཉིན་དམག་སྤྱི་ཐན་ཤལྦེ་དང་རྒྱ་གར་གྱི་སྲིད་བློན་གཉིས་མཇལ་འཕྲད་གནང་རྒྱུའི་གཞུང་འབྲེལ་གྱི་སྣེ་ལེན་ཞུ་བའི་ཉིན་མོར་ངོ་རྒོལ་གྱི་ལས་འགུལ་རྣོ་ངར་ཆེ་རུ་གཏོང་རྒྱུའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎