རྒྱ་གར་གཞུང་གིས་སྐྱོན་བརྗོད་བྱེད་མཁན་ཚོར་ལན་འདེབས།

རྒྱ་གར་གཞུང་དང་དམིགས་བསལ་ནང་སྲིད་བློན་ཆེན་ལ་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པ་དེ་དག་ནི་རྒྱུ་མཚན་ལྡན་པ་ཞིག་ཆགས་ཀྱི་མེད་ལུགས།

2011.09.10

༄༅༎ཉིན་ཤས་གོང༌རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་ཁྲིམས་ཁང་མཐོ་བ་ཞིག་གི་སྒོ་འགྲམ་དུ་འབར་མདེལ་གྱི་གཏོར་རྒོལ་བཏང་བའི་དོན་རྐྱེན་དང་འབྲེལ་བའི་ཐོག་ནས། དེང་སྐབས་ཡུལ་དེའི་གསར་ཤོག་ཁག་གི་ནང་རྒྱ་གར་གཞུང་དང་། དམིགས་བསལ་ནང་སྲིད་བློན་ཆེན་ལ་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་པ་དེ་དག་ནི། རྒྱུ་མཚན་ལྡན་པ་ཞིག་ཆགས་ཀྱི་མེད་པའི་སྐོར། ནང་སྲིད་བློན་ཆེན་ཆི་རྡམ་སྦ་རམ་གྱིས་འདི་ཚེས་ ༩ ཉིན་གསུང་འདུག

དེ་ཡང་ཕྱི་ལོ་ ༢༠༠༨ ལོར་ པ་ཀིས་ཐན་གྱི་མི་སེར་ཡིན་པའི་ཁ་ཆེའི་དྲག་སྤྱོད་པ་འགའ་ཤས་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་གསང་འཛུལ་གྱིས། འབར་རྫས་ཀྱི་གཏོར་རྒོལ་བཏང་བ་དང་། གང་བྱུང་མེ་མདའ་བརྒྱབ་པའི་ཚབས་ཆེའི་གནས་ཚུལ་ཞིག་བྱུང་བའི་རྗེས། རྒྱ་གར་གཞུང་གིས་དེ་ལྟ་བུའི་དྲག་སྤྱོད་ཀྱི་ལས་འགུལ་འགོག་ཐབས་སུ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཚན་པས་ལས་དོན་སྤེལ་ཕྱོགས་ལ་ལེགས་བཅོས་བཏང་སྟེ། ཕྱིན་ཆད་ལས་དོན་ཚགས་ཚུད་དུ་འགྲོ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་ཡོད་ཀྱང༌། དེའི་རྗེས་སུ། འདི་ལོའི་ཕྱི་ཟླ་ ༧ པའི་ནང་གྲོང་ཁྱེར་མུམ་སྦའེ་ནང་། དྲག་སྤྱོད་པས་གཏོར་རྒོལ་བཏང་བའི་གནས་ཚུལ་ཞིག་བསྐྱར་དུ་བྱུང་བའི་ནང་མི་གྲངས་ ༡༣ ལ་ཤི་སྐྱོན་དང་། ༢༦ ལ་རྨས་སྐྱོན་ཕོག་པ་དང༌། དེ་ནས་འདི་ཚེས་ ༧ ཉིན་རྒྱལ་ས་ལྡི་ལིའི་ཁྲིམས་ཁང་ཞིག་གི་མདུན་འབར་རྫས་ཀྱི་གཏོར་རྒོལ་བཏང་བའི་ནང་ཡང་བསྐྱར་མི་གྲངས་ ༡༣ གྱི་ཚེ་སྲོག་བཤོར་བའི་གནས་ཚུལ་བྱུང་བར་བརྟེན།  ཡུལ་དེའི་གསར་ཤོག་ཁག་གི་ནང་དེང་སྐབས། རྒྱ་གར་གཞུང་དང་དམིགས་བསལ་ནང་སྲིད་བློན་ཆེན་ཆི་རྡམ་སྦ་རམ་གྱིས་རྒྱལ་ཁབ་དང་མང་ཚོགས་ཀྱི་བེད་འཇགས་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་སྐོར་གྱི་སྐྱོན་བརྗོད་ཧ་ཅང་ཤུགས་ཆེན་པོ་ཐོན་བཞིན་པར་སོང༌། འདི་ཚེས་ ༩ ཉིན་རྒྱ་གར་ནང་སྲིད་བློན་ཆེན་ཆི་རྡམ་སྦ་རམ་གྱིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ འཇིགས་སྐུལ་དྲག་སྤྱོད་པས་གཏོར་རྒོལ་འགོག་ཐབས་སུ། རྒྱ་གར་གཞུང་གིས་འབད་བརྩོན་གང་ཡོང་གནང་བཞིན་ཡོད་པ་དེ་ལྟར་ཡང༌། རྒྱ་གར་ནི་ས་ཁྱོན་ཤིན་ཏུ་རྒྱ་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའི་ཁར། འདས་པའི་ལོ་མང་རིང་རྒྱལ་ནང་གི་སྲུང་སྐྱོབ་ལས་དོན་ལ་འཐུས་བཤོར་ཆེན་པོ་བཏང་ཡོད་པའི་རྐྱེན་གྱིས། བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ཚགས་ཚུད་བཟོ་ཐབས་ཀྱི་མཐུན་རྐྱེན་བསྐྲུན་རྒྱུར་དུས་ཚོད་ངེས་ཅན་འགོར་རྒྱུ་ཡིན་པ་ལས། དྲག་སྤྱོད་པས་ཉེན་ཁ་ཡོངས་རྫོགས་འཕྲལ་དུ་འགོག་ཐབས་བྱེད་དགོས་ཟེར་བ་ནི་རྒྱུ་མཚན་ལྡན་པ་ཞིག་མ་རེད་ཅེས་གསུངས་ཡོད་པའི་གནས་ཚུལ་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎