རྒྱ་དཀར་ནག་གི་ས་མཚམས་དཀའ་རྙོག་ཞི་འཇམ་དུ་འགྲོ་བཞིན་པའི་མཚམས་འདིར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་བིཀ་རམ་མི་སི་རི་ལགས་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག

2025.01.24
རྒྱ་དཀར་ནག་གི་ས་མཚམས་དཀའ་རྙོག་ཞི་འཇམ་དུ་འགྲོ་བཞིན་པའི་མཚམས་འདིར་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་བིཀ་རམ་མི་སི་རི་ལགས་རྒྱ་ནག་ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་རྒྱུ་རེད་འདུག རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་བིཀ་རམ་མི་སི་རི་ལགས། ཟླ་ཚེས་མི་གསལ།
AP

ཟླ་ ༡ ཚེས་ ༢༣ རྒྱ་གར་ཕྱི་སྲིད་ལྷན་ཁང་གིས་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཝིཀ་རམ་མིས་རི་ལགས་ཟླ་ ༡ ཚེས་ ༢༦ ནས་ ༢༧ བཅས་ཉིན་གྲངས་གཉིས་རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་འབྲེལ་ལམ་བསྐྱར་གསོའི་སླད་རྒྱ་གར་དང་རྒྱ་ནག་དབར་གྱི་ཕྱི་འབྲེལ་དྲུང་ཆེ་དང་བློན་ཆེན་གཞོན་པའི་(Foreign Secretary-Vice Minister Mechanism between Indian and China)ཚོགས་འདུ་འཚོག་རྒྱུ་ཡིན་པའི་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་འདུག

དེ་ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཝིཀ་རམ་མིས་རི་ལགས་པེ་ཅིང་དུ་བསྐྱོད་རྒྱུ་དེ་ནི། རྒྱལ་ཁབ་ཕྱོགས་གཉིས་ཀྱི་དབུ་ཁྲིད་ཕན་ཚུན་གྱི་མོས་མཐུན་ཐོག་ཡོང་འགྱུར་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། མི་དང་མིའི་འབྲེལ་ལམ་གོང་སྤེལ་གཏོང་ཆེད་ཡིན་པ་གསར་འགོད་བསྒྲགས་གཏམ་ནང་འཁོད་འདུག

རྒྱ་གར་གྱི་རྒྱ་ནག་སྐོར་གནད་དོན་དབྱེ་ཞིབ་པ་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་ཉམས་ཞིབ་ལས་འཆར་གྱི་འགན་འཛིན་(Manoj Kewalramani)ལགས་ཀྱིས་ད་ལྟའི་རྒྱ་གར་གི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Virkram Misri)ཝིཀ་རམ་མིས་རི་ལགས་པེ་ཅིན་དུ་བསྐྱོད་རྒྱུ་དེ་ནི། དེ་སྔ་ཨུ་རུ་སུའི་གྲོང་ཁྱེར་(Kazan) ཀ་ཛན་ནང་རྒྱ་དཀར་ནག་གི་འགོ་ཁྲིད་ཚོགས་འདུའི་རྗེས་སུ་ཕྱོགས་གཉིས་ཀྱིས་ས་མཚམས་སུ་དམག་མི་འགྲེམས་འཇོག་གི་གནས་བབ་ཞི་འགྲིག་བྱ་རྒྱུ་འགོ་བཙུགས་པའི་རྗེས་ཀྱི་རྒྱལ་ཁབ་གཉིས་ཀྱི་འབྲེལ་མོལ་གྱི་བརྒྱུད་རིམ་ཞིག་ཡིན། འོན་ཀྱང་ཚོགས་འདུ་འདི་བརྒྱུད་ནས་རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་དེར་གཞི་རྩའི་འགྱུར་བ་ཆེན་པོ་ཞིག་ཐེབས་ཀྱི་རེད་བསམ་གྱི་མི་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཐེངས་འདིའི་རྒྱ་དཀར་ནག་བར་གྱི་དཔོན་རིགས་ཐུག་འཕྲད་དེ་ནི་སྔ་ལོའི་ཟླ་ ༡༢  ཚེས་ ༡༨ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) དང་རྒྱ་གར་བདེ་འཇགས་སློབ་སྟོན་པ་ཨ་ཇིཊ་ཊོ་བལ་ (Ajit Doval) རྣམས་གཉིས་པེ་ཅིན་དུ་ཐུག་འཕྲད་བྱུང་ནས་ཟླ་བ་གཅིག་ལྷག་གི་རྗེས་སུ་བྱུང་བ་ཞིག་ཡིན་ཞིང་། ཐུག་འཕྲད་དེའི་སྐོར་རྒྱ་གར་གྱི་རྒྱལ་སྲུང་ཉམས་ཞིབ་པ་དང་དམག་སྤྱི་ཟུར་པ་ (Vinayak Bhatt) ལགས་ནས། ད་ལྟའི་ཆར་རྒྱ་ནག་གི་དམག་མི་རྣམས་ནས་འཛེམས་ཟོན་མེད་པར་ས་མཚམས་བརྒལ་ཏེ་རྒྱ་གར་གྱི་ས་ཁུལ་དུ་འཛུལ་བཞིན་ཡོད་པས། གྲོས་མོལ་དེ་བརྒྱུད། རྒྱ་ནག་གི་དམག་དཔུང་རྣམས་ ༢༠༢༠ ལོའི་སྔོན་གྱི་ས་ཁུལ་དུ་ཕྱིར་འཐེན་གྱི་ཐག་གཅོད་དགོས་ཞེས་གསུངས་ཡོད།

དེ་སྔོན་ཕྱི་ལོ ༢༠༢༤ ཟླ་ ༡༠ པའི་ཚེས་ ༢༣ ཉིན་ཨུ་རུ་སུའི་གྲོང་ཁྱེར་ཀ་ཛན་(Kazan)དུ་འཚོགས་པའི་བྷི་རིག་སི་(BRICS)ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཀྱི་ཞོར་དུ་རྒྱ་གར་གྱི་སྲིད་བློན་ན་རེནྡྲ་མོ་དི་(Narendra Modi) ལགས་དང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱི་ཐུག་འཕྲད་སྐབས། དབུ་ཁྲིད་རྣམ་གཉིས་དབར་རྒྱལ་ཁབ་ཕྱོགས་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་དང་ཕན་ཚུན་མཉམ་ལས་བྱ་རྒྱུ་སོགས་ཀྱི་སྐོར་གླེང་སློང་གནང་ཡོད་པ་རེད།

རྩ་བའི་སྔ་ལོའི་ཟླ་ ༡༡ ཚེས་ ༡༩ ཉིན་རྒྱ་གར་ཕྱི་དྲིལ་ལས་ཁུངས་ཀྱི་དྲ་ཐོག་གསལ་བསྒྲགས་སྤེལ་བ་ལྟར་ན། བློན་ཆེན་རྣམ་པ་གཉིས་ནས། དེ་སྔོན་རྩོད་གཞི་ཆེ་བའི་འཕགས་བོད་གཉིས་ཀྱི་ས་མཚམས་ཁག་ཅིག་ཏུ་དམག་དཔུང་ཕྱིར་འཐེན་བྱས་པའི་རྐྱེན་གྱིས་རྒྱལ་ཁབ་གཉིས་དབར་ཞི་བདེ་དང་མཐུན་ལམ་གནས་ཐུབ་པ་བྱུང་བ་ངོས་འཛིན་དང་། ཟླ་ ༡༢  ཚེས་ ༡༨ ཉིན་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) དང་རྒྱ་གར་བདེ་འཇགས་སློབ་སྟོན་པ་ཨ་ཇིཊ་ཊོ་བལ་ (Ajit Doval) རྣམས་གཉིས་པེ་ཅིན་དུ་ཐུག་འཕྲད་བྱས་ཡོད།

རྒྱ་གར་གི་ཕྱི་སྲིད་དྲུང་ཆེ་ཝིཀ་རམ་མིས་རི་ལགས་ཕྱི་ལོ་ ༢༠༢༠ ལོར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་རྩོད་རྙོག་འགོ་ཚུགས་སྐབས་པེ་ཅིང་དུ་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡིན་ཞིང་། ཁོང་ལ་རྒྱ་ནག་གི་འགོ་ཁྲིད་ལམ་ལུགས་སྐོར་རྒྱུས་མངའ་ཡོད་ལ། ཐེངས་འདིའི་ཕྱི་སྲིད་དྲུང་ཆེའི་གནས་རིམ་གྱི་ཐུག་འཕྲད་དེ་ནི་རྒྱ་དཀར་ནག་བར་གྱི་ས་མཚམས་རྩོད་རྙོག་བྱུང་བའི་རྗེས་ཀྱི་དེ་ལྟའི་གནས་རིམ་གྱི་ཐུག་འཕྲད་ཐོག་མ་དེ་རེད་འདུག

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།



བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎