རྒྱ་གར་གྱི་རྡོ་སྣུམ་དང་སོལ་བའི་དགོས་མཁོ་ཆེ་རུ་འགྲོ་རྒྱུ།

རྒྱ་གར་གྱི་ནུས་ཤུགས་ལས་ཁང་ཚོས་ཕྱི་རྒྱལ་གྱི་ནུས་པའི་འབྱུང་ཁུངས་ནང་མ་རྩ་འཛུགས་འཇོག་གིས་རྒྱ་བསྐྱེད་གཏོང་ཐབས་བྱེད་དགོས་གལ།

2010.11.01

༄༅༎དེ་རིང་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིངྒ་མཆོག་གིས་མ་འོངས་ལོ་བཅུའི་ནང་རྒྱ་གར་ཡུལ་གྱི་རྡོ་སྣུམ་དང་སོལ་རླངས་ཀྱི་དགོས་མཁོ་བརྒྱ་ཆ་༤༠འཕར་རྒྱུ་ཡིན་སྐོར་གསུངས་ཏེ། རྒྱ་གར་གྱི་ནུས་ཤུགས་ལས་ཁང་ཁག་གིས་ཕྱི་རྒྱལ་ཡུལ་ཁག་གི་ནུས་པའི་འབྱུང་ཁུངས་ནང་མ་རྩ་འཛུགས་འཇོག་གིས་རྒྱ་བསྐྱེད་གཏོང་ཐབས་བྱེད་དགོས་རྒྱུའི་འབོད་བསྐུལ་གནང་འདུག།

མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཅིག་ཡོད་པའི་རྒྱ་གར་རྒྱལ་ཁབ་ཀྱིས་མ་བཅོས་རྡོ་སྣུམ་བརྒྱ་ཆ་༨༠ཕྱི་ཕྱོགས་ནས་ནང་འདྲེན་བྱེད་དགོས་ཀྱི་ཡོད་པ་རེད།

རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཚུགས་པའི་རྡོ་སྣུམ་ཚོགས་འདུའི་ཐོག་སྲིད་བློན་སིངྒ་མཆོག་གིས་ད་ཕན་ལོ་བཅུའི་ནང་རྒྱ་གར་གྱི་རྡོ་སྣུམ་དང་སོལ་བ། རང་བཞིན་རླུང་རླངས་བཅས་ཀྱི་དགོས་མཁོ་བརྒྱ་ཆ་༤༠ལྷག་འཕར་རྒྱུ་ཡིན་པ་ལྟར། རྒྱ་གར་ཡུལ་གྱི་རྡོ་སྣུམ་གཏེར་ཁ་ཁག་ནས་ཐོན་སྐྱེས་བརྒྱ་ཆ་༡༢མ་གཏོགས་བྱེད་ཐུབ་རྒྱུ་མིན་སྟབས། དགོས་མཁོ་དེ་ཚོ་ཕལ་ཆེ་བ་ཕྱིའི་ཡུལ་ཁག་ནས་ནང་འདྲེན་བྱེད་དགོས་ཆགས་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག།

རྒྱ་གར་གཞུང་གིས་རྒྱ་གར་རྒྱལ་ཡོངས་རྡོ་སྣུམ་བཟོ་ཚོང་ལས་ཁང་ཁག་ལ་ཕྱིའི་རྒྱལ་ཁབ་ཀྱི་རྡོ་སྣུམ་ཁེ་གཉེར་ལས་ཁང་ནང་མ་རྩ་འཛུགས་འཇོག་གང་ཐུབ་བྱས་ནས་གོ་སྐབས་གསར་པ་འཚོལ་ཐབས་བྱེད་དགོས་རྒྱུའི་སྐུལ་ལྕགས་ཤུགས་ཆེ་གནང་བཞིན་ཡོད་སྐོར་ སྲིད་བློན་ སིངྒ་མཆོག་གིས་གསུངས་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎