ཀཤ་མིར་གྱི་ས་ཁུལ་དུ་ཛ་དྲག་གི་ཚོར་བ་ཆུང་དུ་འགྲོ་རྒྱུའི་རེ་བ།

རྒྱ་གར་དང་པ་ཀིསི་ཐན་སོ་སོས་དབང་འཛིན་བྱེད་བཞིན་པའི་ཀཤ་མིར་ཕྱོགས་གཉིས་དབར་ཐད་ཀར་གྱི་ཚོང་ལས་འགོ་བཙུགས་བྱས་ཡོད་པ་རེད།

2008.10.21

༄༅༎རྒྱ་གར་དང་པ་ཀིསི་ཐན་སོ་སོས་དབང་འཛིན་བྱེད་བཞིན་པའི་ཀཤ་མིར་ཕྱོགས་གཉིས་དབར་ལོ་ངོ་དྲུག་བཅུ་ལྷག་རིང་ཐད་ཀར་ཚོང་ལས་བཀག་ཡོད་ཀྱང་དེ་རིང་གཟའ་མིག་དམར་ཉིན་ཐད་ཀར་གྱི་ཚོང་ལས་འགོ་བཙུགས་བྱས་ཡོད་པ་དང་འདིས་ས་ཁུལ་དེའི་ནང་གི་ཛ་དྲག་གི་ཚོར་བ་དེ་ཆུང་དུ་འགྲོ་རྒྱུར་རེ་བ་བྱེད་བཞིན་ཡོད་པ་རེད་

རྒྱ་གར་གྱི་ཀཤི་མིར་ས་ཁུལ་ནས་ཐོན་པའི་ཀུ་ཤུ་རླངས་འཁོར་བཅུ་གསུམ་ཞིག་པ་ཀི་སི་ཐན་གྱི་ས་ཐོག་ཏུ་འོར་འདྲེན་བྱས་ཡོད་ཅིང་ཡང་དེ་བཞིན་པ་ཀི་སི་ཐན་གྱི་ཀཤ་མིར་ས་ཁུལ་ནས་ཤིང་ཏོག་སྣ་ཚོགས་བླུག་པའི་རླངས་འཁོར་བཅུ་བཞི་རྒྱ་གར་གྱི་ས་ཐོག་ཐོན་ཡོད་པ་ཕེརན་སི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག

ད་རེས་ཀྱི་འཕེལ་རིམ་གསར་པ་འདི་ནི་ཀཤི་མིར་གྱི་ས་ཁུལ་གཉིས་ཀའི་དཔལ་འབྱོར་གྱི་གནས་སྟངས་ཡར་རྒྱས་འབྱུང་རྒྱུར་ལོ་རྒྱུས་རང་བཞིན་ལྡན་པའི་འཕེལ་རིམ་ཞིག་ཡིན་པ་རྒྱ་གར་གྱི་དབང་འཛིན་འོག་ཡོད་པའི་ཀཤི་མིར་གྱི་སྲིད་སྐྱོང་པ་སྐུ་ཞབས་ཨེན་ཨེན་ལྦོ་རས་གསུངས་འདུག ཁོང་གིས་ད་དུང་འཕེལ་རིམ་འདིས་ས་ཁུལ་འདིའི་ནང་གི་ཞི་བདེ་གོང་འཕེལ་འགྲོ་རྒྱུར་ཡང་ཕན་ཐོགས་འབྱུང་བའི་རེ་བ་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎