པ་ཀི་སི་ཐན་དང་རྒྱ་གར་ཚོང་འབྲེལ་གྲོས་མོལ།
2011.11.14
༄༅༎པ་ཀིསི་ཐན་གྱིས་རྒྱ་གར་ལ་ཚོང་དོན་ཁྲལ་ཆག་ཀྱི་གནས་བབ་གནང་རྒྱུའི་གསལ་བསྒྲགས་གནང་བའི་རྗེས་དེ་རིང་རྒྱལ་ས་ལྡི་ལིའི་ནང་ རྒྱལ་ཁབ་གཉིས་དབར་ཕན་ཚུན་ཚོང་འབྲེལ་འགོ་འཛུགས་གནང་རྒྱུའི་འཆར་གཞིའི་ཐོག་ རྒྱ་གར་དང་པ་ཀིསི་ཐན་གྱི་མཐོ་རིམ་དཔོན་རིགས་དབར་གྲོས་མོལ་གནང་འདུག།
པ་ཀིསི་ཐན་གྱི་ཚོང་ལས་དྲུང་ཆེ་ཛ་ཕར་མའ་མུརྡ་དང་རྒྱ་གར་གྱི་ཚོང་ལས་དྲུང་ཆེ་ར་ཧུལ་ཁུ་ལར་རྣམ་གཉིས་ནས་འབྱུང་འགྱུར་གྱི་ལོ་གསུམ་ནང་རྒྱལ་ཁབ་གཉིས་དབར་ལོ་རེའི་ཚོང་འབྲེལ་ལྡབ་གཅིག་འཕར་བ་གནང་རྒྱུའི་སྐོར་ཉིན་གཉིས་ཀྱི་གྲོས་མོལ་དབུ་འཛུགས་གནང་ཡོད་པ་རེད།
ཉེ་དུས་ཟླ་བ་འདིའི་ཚེས་༢ཉིན་པ་ཀིསི་ཐན་གྱི་བློན་ཆེན་ལྷན་ཚོགས་ནས་ རྒྱ་གར་ལ་པ་ཀིསི་ཐན་གྱི་ཚོང་དོན་ཁྲལ་ཆག་གི་གནས་བབ་གནང་རྒྱུའི་གསལ་བསྒྲགས་ཤིག་གནང་ཡོད་པ་ལྟར། ཐབས་ལམ་དེ་ནི་ད་ཕན་དམག་འཁྲུག་ཐེངས་གསུམ་ཙམ་ལངས་བའི་ ལྷོ་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་འབྲེལ་ལམ་བཟང་དུ་འགྲོ་རྒྱུའི་རྟགས་མཚན་ཞིག་ཡིན་པ་རེད།