རྒྱ་གར་དང་པ་ཀི་སི་ཐན་གྱི་ཕྱི་སྲིད་དྲུང་ཆེ་བར་མཇལ་འཕྲད།
2011.02.06
༄༅༎འབྲུག་ཡུལ་གྱི་རྒྱལ་ས་ཐིམ་པུར་ལྷོ་ཤར་ཨེ་ཤེ་ཡའི་མཐུན་ཚོགས་ཀྱི་ཚོགས་ཆེན་གྱི་ཞོར་དུ་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ ནི་རུ་པ་མ་རའོ་དང་ པ་ཀི་སི་ཐན་གྱི་ཕྱི་སྲིད་དྲུང་ཆེ་སལྨན་བྭ་ཤིར་རྣམ་གཉིས་དེ་རིང་ཟུར་མཇལ་གནང་ཡོད་འདུག། སྔ་ལོ་ཕྱི་ཟླ་བདུན་པའི་ནང་ཡུལ་གཉིས་ཀྱི་ཕྱི་སྲིད་བློན་ཆེན་པ་ཀི་སི་ཐན་ནང་མཇལ་འཕྲད་གནང་བའི་རྗེས་སུ་ད་བར་དེ་འདྲའི་མཇལ་འཕྲད་ཐོག་མ་དེ་ཆགས་ཡོད་འདུག། གནས་ཚུལ་ནང་ཐོན་པར་གཞིགས་ན་ རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ ནི་རུ་པོ་མ་རའོ་མཆོག་གིས་ ཡུལ་གཉིས་དབར་དཀའ་རྙོག་གང་ཡོད་པ་དེ་དག་སེལ་བའི་ཆེད་དུ་ཕན་ཚུན་གྲོས་མོལ་བསྐྱར་གསོ་གནང་རྒྱུར་ཧ་ཅང་གལ་ཆེན་པོ་ཡིན་ལུགས་གསུངས་གནང་འདུག། པ་ཀི་སི་ཐན་གྱི་ཕྱི་སྲིད་དྲུང་ཆེ་ སལ་མན་ བྭ་ཤིར་གྱིས་ཚོགས་འདུ་འདིའི་དམིགས་ཡུལ་ནི་ ཡུལ་གཉིས་ཀྱི་ཕྱི་ སྲིད་བློན་ཆེན་དབར་མཇལ་འཕྲད་བསྐྱར་གསོ་གནང་རྒྱུ་དེ་ཡིན་ལུགས་གནས་ཡོད་འདུག། ཕྱི་ལོ་༢༠༠༨ལོར་པ་ཀི་སི་ཐན་གྱི་དྲག་སྤྱོད་པས་རྒྱར་གར་གྲོང་ཁྱེར་མུམ་བྭའི་ནང་དྲག་རྒོལ་གྱི་རྗེས་སུ་ཡུལ་གཉིས་ཀྱི་འབྲེལ་ལམ་ཇི་སྡུག་ཏུ་ཕྱིན་པ་རེད། རྐྱེན་ངན་དེའེ་ནང་རྒྱར་གར་གྱི་ཡུལ་མི་༡༦༦རྐྱེན་ལམ་དུ་ཕྱིན་པ་རེད། པ་ཀི་སི་ན་གྱིས་ད་བར་བྱེད་གཏེ་བ་འཛིན་བཟུང་གིས་ཁྲིམས་སར་བསྐྱེལ་རྒྱུ་མཚོན་པའི་ལས་དོན་མི་དོན་མཚུངས་པ་ཞིག་གནང་མེད་པ་རེད། འོན་ཀྱང་ད་ཆ་ཕྱོགས་གཉིས་ཀའི་འབྲེལ་ལམ་བསྐྱར་གསོ་གནང་རྒྱུའི་ཁོར་ཡུག་བསྐྲུན་བཞིན་པ་རེད༎