རྒྱ་གར་དང་པ་ཀི་སི་ཐན་གྱི་ཞི་གྲོས་བསྐྱར་ཚུགས།

རྒྱ་གར་དང་པ་ཀི་སི་ཐན་དབར་བར་མཚམས་ཆད་པའི་ཞི་བདེ་གྲོས་མོལ་དེ་ད་ཆ་བསྐྱར་དུ་དབུ་འཛུགས་གནང་རྒྱུར་མོས་མཐུན་བྱུང་བཞག

2011.02.07

༄༅༎དེ་སྔོན་༢༠༠༨ལོར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཇིགས་སྐུལ་བས་དྲག་སྤྱོད་གྱི་དོན་རྐྱེན་བྱུང་རྗེས་ཕྱོགས་གཉིས་དབར་བར་མཚམས་ཆད་པའི་ཞི་བདེ་གྲོས་མོལ་དེ་ད་ཆ་བསྐྱར་དུ་དབུ་འཛུགས་གནང་རྒྱུར་རྒྱ་གར་དང་པ་ཀིསི་ཐན་གཉིས་དབར་མོས་མཐུན་བྱུང་བཞག།

ཁ་ས་འབྲུག་གི་རྒྱལ་ས་ཐིམ་པུར་རྒྱ་གར་གྱི་ཕྱི་འབྲེལ་དྲུང་ཆེ་ལྕམ་ནི་རུ་པ་མ་རའོ་དང་པ་ཀིསི་ཐན་གྱི་ཕྱི་འབྲེལ་དྲུང་ཆེ་སལ་མའན་སྦ་ཤིར་རྣམ་གཉིས་དབར་སྔ་ལོ་ཕྱི་ཟླ་༧པ་ནས་བཟུང་གཞུང་འབྲེལ་གྲོས་མོལ་ཐེངས་དང་པོ་དེ་གནང་ཡོད་པ་དང༌། གྲོས་མོལ་གནང་གྲུབ་པའི་རྗེས་ཟུང་འབྲེལ་སྤྱི་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང༌། རྒྱ་གར་དང་པ་ཀིསི་ཐན་དབར་ཡོད་བཞིན་པའི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་གཉིས་དབར་གྲོང་མོལ་དོན་ཕན་ལྡན་པ་ཞིག་གནང་རྒྱུ་གལ་ཆེ་ཡིན་པར་དབུ་འཁྲིད་གཉིས་ཀས་མོས་མཐུན་གནང་ཡོད་སྐོར་འགྲེལ་བརྗོད་གནང་བཞག། འོན་ཀྱང་ཁོང་རྣམ་གཉིས་དབར་མཇལ་འཕྲད་གནང་སྐབས་ ལོ་འདིའི་ནང་པ་ཀིསི་ཐན་གྱི་ཕྱི་འབྲེལ་བློན་ཆེན་ཤའ་མེ་མུརྡ་ཁུ་རེ་ཤི་རྒྱ་གར་ལ་ཕེབས་རྒྱུའི་འཆར་གཞི་ཡོད་པ་དེ་དུས་ཚོད་གང་འདྲ་ཞིག་ལ་ཕེབས་མིན་གྱི་ཚེས་གྲངས་གཏན་འབེབས་གནང་ཐུབ་མེད་པ་རེད།

འབྲུག་གི་རྒྱལ་ས་ཐིམ་པུར་ལྷོ་ཨེ་ཤི་ཡའི་མངའ་ཁུལ་གྱི་ཡུལ་ཁག་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་གནང་བའི་ཞོར་འཕྲོས་སུ་ གོང་ཞུས་ཕྱི་འབྲེལ་དྲུང་ཆེ་རྣམ་གཉིས་དབར་གྱི་མཇལ་འཕྲད་དེ་བྱུང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་གཙོས་པའི་བོད་མི་གནས་སྡོད་ས་གནས་ཁག་ཏུ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎