རྒྱ་ནག་གི་དམག་མི་ལ་དྭགས་ཁུལ་འཛུལ་ནས་སྡིག་སྐུལ།

རྒྱ་ནག་གི་དཔུང་དམག་གིས་རྒྱ་གར་གྱི་ལ་དྭགས་ས་ཁུལ་དུ་འཛུལ་ཞུགས་བྱས་ནས་ཁུལ་དེའི་འཛུགས་བསྐྲུན་གྱི་ལས་གཞིར་སྡིག་སྐུལ་བྱས་འདུག

2011.01.10

༄༅༎རྒྱ་ནག་གི་དྲག་པོའི་དཔུང་དམག་གིས་རྒྱ་གར་གྱི་ལ་དྭགས་ཀྱི་ལྡེམ་ཕྱོགས་ས་ཁུལ་དུ་འཛུལ་ཞུགས་བྱས་ནས་ཁུལ་དེའི་འཛུགས་བསྐྲུན་གྱི་ལས་གཞིར་སྡིག་སྐུལ་བྱས་པ་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་བཏོན་ཡོད་པ་རེད་ གོང་ཞུས་ཀྱི་གནས་ཚུལ་དེ་སྔ་ལོ་ཕྱི་ཟླ་༩པའི་ནང་བྱུང་ཡོད་ཅིང་སྐབས་དེར་ལྡེམ་ཕྱོགས་ས་ཁུལ་དུ་རྒྱ་གར་བའི་སྤྱི་སྤྱོད་སྣུམ་འཁོར་བབས་འཚུགས་ཀྱི་ཨར་ལས་ཀྱི་ལས་གཞིར་རྒྱ་ནག་གི་དྲག་པོའི་དཔུང་དམག་གིས་ལྡིག་བསྐུལ་བྱས་པར་ལས་དོན་མཚམས་འཇོག་བྱེད་དགོས་བཟོས་ཡོད་པ་རེད་ གོང་ཞུས་ཀྱི་གནས་ཚུལ་དེར་རེས་གཟའ་ཟླ་བ་ཉིན་རྒྱ་གར་གྱི་དམག་སྤྱི་སྐུ་ཞབས་ལྦི་ཀེ་སིང་ཡིས་དེ་ཙམ་གྱི་གལ་གནད་ཆེན་པོར་ངོས་འཛིན་མ་གནང་བའི་ཐོག་གནས་ཚུལ་དེ་ཕྱོགས་ཕན་ཚུན་གྱི་ས་མཚམས་ཐོག་བསམ་ཚུལ་མི་འདྲ་བ་ཡོད་པ་ནས་བྱུང་བ་ཞིག་ལ་ངོས་འཛིན་གནང་ཡོད་པ་རེད་ ཁོང་གིས་རྒྱ་གར་གིས་དབང་འཛིན་བྱས་པའི་ས་མཚམས་ཀྱི་ས་ཐིག་དང་རྒྱ་ནག་གིས་ངོས་འཛིན་ཐོག་གཟིགས་ཕྱོགས་འདྲ་མིན་ཡོད་པ་རེད་ཅེས་གསུང་འདུག          

གནས་ཚུལ་འདིའི་ཐོག་རྒྱ་གར་དབུས་གཞུང་གི་བདེ་སྲུང་དང་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་པའི་འདྲི་རྩད་ཐོག་ལན་འདེབས་གང་ཡང་གནང་མེད་པ་མ་ཟད་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་ཀྱང་གང་ཡང་གསུང་མེད་པ་རེད་ རྒྱ་ནག་གི་དྲག་པོའི་དཔུང་དམག་གིས་གོང་ཞུས་ཀྱི་རྒྱ་གར་གྱི་ས་མཚམས་ནང་འཛུལ་ཞུགས་བྱེད་པའི་གནས་ཚུལ་དེ་མང་དག་ཅིག་བྱུང་ཡོད་པ་མ་ཟད་ཕྱི་ལོ་༡༩༦༢ལོར་ཡུལ་གཉིས་བར་དམག་འཁྲུག་གི་གནས་ཚུལ་བྱུང་བ་དེ་དུས་དལྟ་འང་རྒྱ་གར་གྱི་ཡུལ་མི་ཚོས་བརྗེད་ཐབས་མེད་པའི་གནས་ཚུལ་ཞིག་ཆགས་ཡོད་པ་རེད་ གོང་ཞུས་ཀྱི་གནས་ཚུལ་གྱི་འབྱུང་ཁུངས་དེ་རྒྱ་གར་དང་རྒྱ་ནག་བར་ལོ་རྒྱུས་ཐོག་བོད་རང་དབང་གཙང་མའི་རྒྱལ་ཁབ་དེ་ཕྱི་ལོ་༡༩༥༩ལོར་རྒྱ་ནག་གིས་བཙན་བཟུང་བྱས་པ་ནས་བྱུང་བ་ཞིག་ཡིན་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎