ཡུ་གུར་བ་ཆབ་སྲིད་བཙོན་པ་སྐུ་ཞབས་(Ilham Tohti)་ལགས་གློད་གྲོལ་གཏོང་དགོས་བ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབོད་སྐུལ་ཞུས་འདུག

2024.09.23
ཡུ་གུར་བ་ཆབ་སྲིད་བཙོན་པ་སྐུ་ཞབས་(Ilham Tohti)་ལགས་གློད་གྲོལ་གཏོང་དགོས་བ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འབོད་སྐུལ་ཞུས་འདུག ཡུ་གུར་བ་སློབ་དཔོན་Tohtiལ་ཁྲིམས་ར་ཚོགས་བཞིན་པའི་སྐབས། ༢༠༡༤།༩།༡༨
Photo: Chinese State Media

དེ་ཡང་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་འདི་ཚེས་༢༣ཉིན་སྤྱི་བསྒྲགས་ཞིག་སྤེལ་ཡོད་པ་དེའི་ནང་། འདས་པའི་ལོ་ངོ་བཅུའི་གོང་རྒྱ་ནག་གཞུང་གིས་ཤིན་ཅང་ཞེས་འབོད་པའི་མངའ་ཁུལ་གྱི་རྩོམ་པ་པོ་དང་དོན་གཉེར་བ་ཨི་ལམ་ཀྲོཧ་ཀྲི་(Ilham Tohti)་འཛིན་བཟུང་བཙོན་འཇུག་བྱས་ནས་ད་ལྟའང་གློད་གྲོལ་བཏང་མེད་པ་དང་། བཙོན་འཇུག་བྱས་ནས་ལོ་ངོ་༡༠ཕྱིན་པའི་ཉིན་མོ་དང་བསྟུན་ནས་འཛམ་གླིང་གི་དབུ་ཁྲིད་ཚོས་རྒྱ་ནག་གཞུང་གི་བྱ་སྤྱོད་དང་དྲག་གནོན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་མཁྱེན་རྟོག་དགོས་རྒྱུ་གལ་ཆེན་པོ་ཡིན་པ་དང་། ལྷག་པར་དུ་ཨི་ལམ་ཀྲོཧ་ཀྲི་ལྟ་བུའི་ཆབ་སྲིད་བཙོན་པ་རྣམས་གང་མགྱོགས་གློད་གྲོལ་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་དགོས་ལུགས་སྤྱི་བསྒྲགས་སྤེལ་འདུག

གོང་ཞུས་སྤྱི་བསྒྲགས་དེའི་ནང་མུ་མཐུད་ནས་བཀོད་པར་ལྟར་ན། དེ་སྔ་ཕྱི་ལོ་༢༠༡༤ཕྱི་ཟླ་དགུ་པའི་ཚེས་༢༣་ཉིན་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཆད་བཅད་ཡོད་པ་དང་། ཨི་ལམ་ཀྲོཧ་ཀྲི་ཡིས། ཞི་བའི་ལམ་ནས་ཡུ་གུར་མི་རིགས་ཚོ་དང་འབྲེལ་ཡོད་རྒྱ་ནག་གཞུང་བར་གྲོས་མོལ་དང་འདུམ་འགྲིག་བྱེད་དགོས་ལུགས་གཏམ་བཤད་དང་། རྩོམ་ཡིག་བྲིས་པ་བཅས་ལ་བརྟེན་ཁོང་གིས་གཞུང་མགོ་རྟིང་སློག་རྒྱུའི་ངན་བྱུས་འཐེན་གྱི་ཡོད་ལུགས་བཤད་ནས་བཙོན་འཇུག་བྱས་ཡོད་པ་རེད་ཅེས་དང་། རྒྱ་ནག་དམར་ཤོག་སྲིད་གཞུང་གི་མི་སྤྱོད་ལས་འདས་པའི་སྲིད་བྱུས་འཛིན་སྟངས་དེས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པ་དང་། ང་ཚོའི་ངོས་ནས་ཁོང་ལྟ་བུའི་མི་སྣ་ཚོ་སྲུང་སྐྱོབ་དང་གློད་གྲོལ་ཡོང་ཐབས་བྱེད་ཐུབ་ཀྱི་མེད་པ་ནི་བློ་ཕམ་གྱི་རང་བཞིན་ཞིག་རེད་ཅེས་གསུངས་ཏེ་རྒྱལ་སྤྱིའི་དབུ་ཁྲིད་དང་སྤྱི་ཚོགས་ཁག་གིས་དོ་སྣང་བྱེད་དགོས་པའི་དྲན་སྐུལ་གནང་འདུག

དེ་དང་ཕྱོགས་མཚུངས་གོང་ཞུས་སྤྱི་བསྒྲགས་དེའི་ནང་། ཁོང་ལ་བཙོན་ཁང་ནང་དུ་ཡང་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་བཅོད་ཚད་མེད་གཏོང་གི་ཡོད་འདུག་པ་དང་། ཁོང་གི་བུ་མོ་(Jewher Ilham)་ཡིས། རྒྱལ་སྤྱིའི་ཉེས་ཡངས་ཚོགས་པར། སྤྱིར་བཏང་ཡིན་ན་རང་གི་ཕ་མར་སྐད་ཆ་བཤད་རྒྱུ་དང་འབྲེལ་བ་བྱེད་རྒྱུའི་ཐོབ་ཐང་དང་རང་དབང་བུ་ཕྲུག་ལ་སྤྲོད་དགོས་ཀྱི་ཡོད་ཀྱང་། དེ་ལས་བཟློག་ཏེ་ཁོང་རང་ཉིད་ཀྱི་ཕ་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་ལོ་ངོ་བཅུའི་གོང་ལ་མ་གཏོགས་བྱུང་མེད་པ་མ་ཟད། དེ་ལ་ཆ་རྐྱེན་འདྲ་མིན་བཞག་ཏེ་བཙན་ཤེད་ཀྱི་ཐོག་ནས་ཁ་འགོག་ཐབས་བྱེད་ཀྱི་ཡོད་ལུགས་ཞུས་འདུག

དེ་བཞིན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་རྒྱ་ནག་ཐད་ཀྱི་སྐུ་ཚབ་ནས་ཀྱང་(Ilham Toti)་ལགས་རྒྱ་ནག་གིས་དུས་ཡུན་རིང་པོར་བཙོན་འཇུག་དོ་དམ་བྱས་པར་སྐྱོན་བརྗོད་དང་འབྲེལ་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་གིས་(Ilham Tohti)་ལགས་གཙོས་པའི་མ་ཉེས་ཁ་གཡོག་འོག་འཛིན་བཟུང་བཙོན་འཇུག་བྱས་བའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས་རྒྱུའི་དགོས་འདུན་བཏོན་གནང་འདུག


གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎