རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་ཐུཊ་འཚབ་ཡོད་པ་གསལ་སྟོན།


2015.11.20
རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲིན་ནང་ལས་བཟོ་པས་ངོ་རྒོལ་བྱེད་བཞིན་པ། ༢༠༡༥།༡༡།༩ རྒྱ་ནག་གི་གྲོང་ཁྱེར་ཧྲིན་ཀྲིན་ནང་ལས་བཟོ་པས་ངོ་རྒོལ་བྱེད་བཞིན་པ། ༢༠༡༥།༡༡།༩
མཐུན་འགྱུར་པར་རིས།

ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དམིགས་བསལ་སྐུ་ཚབ་ནས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཐུགས་འཚབ་ཡོད་པ་བསྟན་པ།
དེ་ཡང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དམིགས་བསལ་སྐུ་ཚབ་Stavros Lambrinidisམཆོག ཕྱི་ཟླ་བཅུ་གཅིག་པའི་ཚེས་༩ནས་༡༤བར་རྒྱ་ནག་ནང་ཕེབས་ནས་ཕྱིར་ལོག་ཕེབས་པའི་རྗེས་གསལ་བསྒྲགས་སྤེལ་གནང་ཡོད་པའི་ནང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་ཐུགས་འཚབ་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་པ་རེད། ཁོང་གིས་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་གནད་དོན་ཐོག་ཁྲིམས་རྩོད་གནང་མཁན་གྱི་ཁྲིམས་རྩོད་པ་འཛིན་བཟུང་དང་། ལྷག་པར་དུ་བདེ་འཇགས་སྲུང་སྐྱོབ་ཀྱི་ཁྲིམས་གཞི་གསར་པ་གཏན་འབེབས་བྱས་པ་དེས། རྒྱ་ནག་མི་མང་ཚོས་རང་ཉིད་ཀྱི་ལྟ་སྤྱོད་རང་དབང་ཐོག་ནས་བཏོན་རྒྱུར་འགོག་རྐྱེན་བཟོ་སྲིད་པར་ཐུགས་འཚབ་ཡོད་པའི་སྐོར་གསལ་སྟོན་གནང་ཡོད་འདུག   
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དམིགས་བསལ་སྐུ་ཚབ་ཀྱི་གོང་ཞུས་གསལ་བསྒྲགས་དེའི་ཐོག རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་དེ་ནི་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་བཟང་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཡོད་པའི་གནས་སྟངས་ལ་སྣང་ཆུང་བཏང་ནས་རྒྱ་ནག་གི་ཁྲིམས་ལུགས་དང་། སྲིད་ཁྲིམས་ཀྱི་ལས་དོན་ཁག་ལ་འགན་ལེན་མེད་པའི་འཆལ་གཏམ་ཞིག་ཡིན་ལུགས་དང་། དེར་བརྟེན་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་ཐོག་འཛིན་པའི་གོང་གི་ལྟ་ཚུལ་དེ་རིགས་འཕྲལ་དུ་འགྱུར་ལྡོག་གཏོང་དགོས་ལུགས་སོགས་གསར་འགོད་ལྷན་ཚོགས་ཐོག་བཤད་ཡོད་འདུག      
ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དམིགས་བསལ་སྐུ་ཚབ་LamBrinidisམཆོག་གིས་སྤེལ་གནང་བའི་གསལ་བསྒྲགས་དེའི་ནང་། ད་དུང་རྒྱ་ནག་གཞུང་གིས་ཁྲིམས་ཀྱིས་རྒྱལ་ཁབ་སྐྱོང་གི་ཡོད་ལུགས་བརྗོད་ཀྱི་ཡོད་པ་བཞིན་ཁྲིམས་ཀྱིས་སྐྱོང་བའི་རྒྱལ་ཁབ་ནང་ཁྲིམས་རྩོད་པས་རང་དབང་ཐོག་ནས་ཁྲིམས་རྩོད་གཏུགས་བཤེར་བྱ་རྒྱུའི་དབང་ཚད་དགོས་ཀྱི་ཡོད་པ་གསལ་སྟོན་གནང་ཡོད་འདུག

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎