བཙན་ཤེད་བྱ་རྒྱུ་མཚམས་འཇོག་དགོས།


2013.06.28
བཙན་ཤེད་བྱ་རྒྱུ་མཚམས་འཇོག་དགོས།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ།

༄༅།    །རྒྱ་ནག་གཞུང་གིས་བོད་ཀྱི་ཞིང་འབྲོག་ས་ཁུལ་ཁག་ནས་བོད་མི་རྣམས་བཙན་ཤེད་ཀྱི་གྲོང་ཁྱེར་ཁུལ་གནས་སྤོ་བྱེད་བཞིན་པའི་སྲིད་ཇུས་མཚམས་མཇོག་བྱེད་དགོས་པའི་སྐོར་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་འབོད་སྐུལ་གནང་འདུག    ཕྱི་ཚེས་༢༦ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་Human Rights Watch འམ་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་སྙན་ཐོ་ཞིག་འདོན་སྤེལ་གནང་ཡོད་པའི་ནང༌། ༢༠༠༦ནས་བཟུང་རྒྱ་ནག་གཞུང་གིས་བོད་ཁྱོན་ཡོངས་སུ་བོད་མི་ས་ཡ་གཉིས་ཙམ་ས་གནས་གཞན་དུ་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་བཅུགས་ཡོད་པ་དང་། དམིགས་བཀར་མདོ་སྟོད་ཁུལ་གྱི་ཞིང་འབྲོག་ས་ཁུལ་ནས་བོད་མི་ཁྲི་འཚོ་བརྒྱ་ཕྲག་མང་པོ་གྲོང་ཁྱེར་ནང་གནས་སྤོ་བྱས་དང་བྱེད་མུས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་དེང་དུས་རྒྱ་ནག་གི་ལོ་རྒྱུས་ནང་བཙན་བཤེད་ཐོག་ནས་མི་འབོར་གནས་སྤོ་བྱེད་པའི་ལས་འཆར་ཆེ་ཤོས་ཤིག་ཡིན་པས་མ་ཟད། ཐབས་ཇུས་དེ་བཞིན་བོད་མིའི་སྲོལ་རྒྱུན་གྱི་གོམས་གཤིས་དང་ལམ་ལུགས་རྩ་མེད་བཟོ་ཐབས་ཤིག་ཡིན་པའི་སྐྱོན་བརྗོད་དང་འབྲེལ། ཞིང་འབྲོག་བོད་མི་ཚོའི་སེམས་ཚོར་དང་། བསམ་ཚུལ་བརྗོད་ས་མེད་པར་བརྟེན། རྒྱ་གཞུང་གིས་སྲིད་ཇུས་དེ་དག་ལག་བསྟར་འཕྲལ་དུ་མཚམས་མཇོག་བྱེད་དགོས་རྒྱུའི་ནན་སྐུལ་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎