རྒྱ་ནག་ཏུ་བསྒྱུར་བཅོས་སྒོ་མོ་ཕྱེ་ནས་ལོ་༣༠འཁོར་བའི་དུས་དྲན།

རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་རྩ་དོན་ཐོག་དོ་ནན་གྱི་ཐེ་བྱུས་བྱ་རྒྱུ་ཡིན་སྐོར་ཧུ་ཇིན་ཏའོས་ནན་བརྗོད་བྱས་འདུག

2008.12.18

༄༅༎རྒྱལ་སྤྱིའི་ཐོག་དེང་སྐབས་དཔལ་འབྱོར་ཉམས་ཉེས་ཀྱི་དཀའ་གནད་ཆེན་པོ་འཕྲད་བཞིན་པའི་དུས་ཚོད་འདིར་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་རྩ་དོན་ཐོག་དོ་ནན་གྱི་ཐེ་བྱུས་བྱ་རྒྱུ་ཡིན་སྐོར་སྲིད་འཛིན་ཧུ་ཇིན་ཏའོས་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག

ཁ་ས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་གི་མི་མང་ཚོགས་ཁང་ཆེན་མོའི་ནང་དེ་སྔ་སྲིད་འཛིན་ཟུར་པ་ཏེང་ཤོ་ཕིང་གིས་རྒྱ་ནག་ནང་ཁྲོམ་རའི་ལམ་ལུགས་ཀྱི་དཔལ་འབྱོར་བསྒྱུར་བཅོས་བཏང་སྟེ་ལོ་ངོ་སུམ་ཅུ་འཁོར་བའི་དུས་ཚིགས་སྲུང་བརྩི་ཞུས་ཡོད་པ་དང་མཛད་སྒོ་དེའི་ཐོག་སྲིད་འཛིན་ཧུ་ཇིན་ཏའོས་སྤྱི་ཚོགས་ཀྱི་བརྟན་ལྷིང་ཆེད་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་གུང་བྲན་ཏང་གི་བཏང་འཛིན་གཉིས་ཁ་བྲལ་ཐབས་མེད་པའི་སྐོར་ནན་བརྗོད་གསུངས་བཤད་གནང་འདུག འདས་པའི་ལོ་ངོ་ལྔ་ལྷག་རིང་རྒྱ་ནག་ནང་ལོ་ལྟར་དཔལ་འབྱོར་འཕེལ་རིམ་གྱི་མྱུར་ཚད་དེ་བརྒྱ་ཆ་བཅུ་ལྷག་གནས་ཡོད་ཀྱང་འདི་ལོ་བརྒྱ་ཆ་དགུའི་འོག་ལ་ལུས་ཡོད་པ་མ་ཟད་འབྱུང་འགྱུར་ལོའི་ནང་ད་དུང་ཉམས་རྒུད་དུ་འགྲོ་རྒྱུའི་སྔོན་དཔག་བྱེད་བཞིན་ཡོད་པ་རེད། སྲིད་འཛིན་ཧུ་ཇིན་ཏའོས་ཁ་ས་མི་མང་ཚོགས་ཁང་ནང་གསུངས་བཤད་སྐབས་སྤྱིའི་ཐོག་དཔལ་འབྱོར་ཉམས་ཉེས་ཀྱི་ཤུགས་རྐྱེན་འོག་རྒྱ་ནག་ནང་ཁུལ་དུ་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་སེལ་ཆེད་རྒྱ་ནག་གཞུང་གིས་གདོང་ལེན་གྱི་ལས་འཆར་ཁག་ལམ་ལྷོང་བྱུང་བཞིན་ཡོད་སྐོར་དང་ཡང་ཆབས་ཅིག་དཔལ་འབྱོར་ཡར་རྒྱས་མུ་མཐུད་གནས་པ་དང་སྤྱི་ཚོགས་བརྟན་ལྷིང་གི་དོན་དུ་རྒྱ་ནག་གཞུང་གི་བཏང་འཛིན་དང་ཐེ་བྱུས་ཆེ་ཙམ་གནང་དགོས་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད། དེ་ཡང་རྒྱ་ནག་གི་སྲིད་འཛིན་མཆོག་གིས་གསུངས་ན་རྒྱལ་ཁབ་ཡར་རྒྱས་ཀྱི་གནད་དོན་དེ་ལས་དོན་གལ་གནད་ཆེ་ཤོས་ཤིག་དང་སྤྱི་ཚོགས་བརྟན་ལྷིང་གནས་རྒྱུ་དེ་ང་ཚོས་ལས་འགན་གཙོ་བོ་ཡིན་པ་གསལ་པོ་ཤེས་རྟོགས་དགོས།གལ་སྲིད་སྤྱི་ཚོགས་བརྟན་ལྷིང་མེད་པ་ཡིན་ན་ལས་དོན་ག་འདྲ་ཞིག་ལ་གྲུབ་འབྲས་སོན་རྒྱུ་མིན་པ་མ་ཟད་ད་ཕན་གྱི་གྲུབ་འབྲས་ཚང་མ་ཆུད་བཟོད་འགྲོ་རྒྱུ་རེད་ཅེས་འགྲེལ་བརྗོད་བྱས་འདུག རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ཆེད་རྒྱ་ནག་ནང་ལས་མེད་ཀྱི་དཀའ་ངལ་སེལ་ཐབས་དང་སྤྱི་ཚོགས་ཁྲོད་འཆམ་མཐུན་དང་འདྲ་མཉམ་གྱི་འཁོར་ཡུག་བསྐུན་རྒྱུ་ནན་བརྗོད་བྱས་པ་དང་ལས་དོན་དེ་དག་ཚགས་ཚུད་སླད་གུང་བྲན་ཏང་གིས་རྒྱལ་ཁབ་ཀྱི་འཛིན་སྐྱོང་ནང་ཐེ་བྱུས་ཆེ་ཙམ་དགོས་རྒྱུ་དང་དེ་བཞིན་གུང་བྲང་ཏང་གི་སྲིད་དབང་ལམ་ལུགས་རྒྱུན་གནས་ཐུབ་པ་བྱེད་རྒྱུ་ལས་ནུབ་ཕྱོགས་པའི་ཆབ་སྲིད་ལམ་ལུགས་ནས་དཔེ་ཚོན་ནམ་ཡང་ལེན་རྒྱུ་མིན་པའི་སྐོར་ནན་བཤད་བྱས་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎