རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ཡར་རྒྱས་འགྲོ་བ་ངོས་འཛིན།

རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་ཡིས་རྒྱ་ནག་དང་ཨ་རིའི་དབར་འབྲེལ་ལམ་ཡར་རྒྱས་འགྲོ་གི་ཡོད་པར་ངོས་འཛིན་གནང་འདུག།

2010.09.08

༄༅༎དེ་རིང་རྒྱ་ནག་གི་སྲིད་འཛིན་ཧུ་ཅིང་ཐའོ་ཡིས་རྒྱ་ནག་དུ་གཟིགས་སྐོར་ལ་ཕེབས་པའི་ཨ་རིའི་སྲིད་འཛིན་ལས་ཁང་གི་སྐུ་ཚབ་དང་གྲོས་མོལ་གནང་སྐབས་རྒྱ་ནག་དང་ཨ་རིའི་དབར་འབྲེལ་ལམ་ཡར་རྒྱས་འགྲོ་གི་ཡོད་པར་ངོས་འཛིན་གནང་འདུག།

སྲིད་འཛིན་ཧུ་ཡིས་རྒྱ་ནག་དང་ཨ་རིའི་དབར་འབྲེལ་བ་གསར་པ་འགོ་འཛུགས་བྱས་པ་དེར་རྒྱ་ནག་གིས་རེ་གཞི་བཟང་པོ་བཅངས་ཞིན་ཡོད་པ་དང༌། ཕྱོགས་གཉིས་དབར་འབྲེལ་ལམ་སྲ་བརྟན་གོང་འཕེལ་གཏོང་རྒྱུར་རྒྱ་ནག་གི་ངོས་ནས་ཨ་རི་དང་མཉམ་འབྲེལ་བྱ་རྒྱུའི་འདོད་པ་ཡོད་ཅེས་འགྲེལ་བརྗོད་གནང་བཞག།

སྲིད་འཛིན་ཧུ་དང་རྒྱ་ནག་ལ་གཞུང་དོན་ཕྱོགས་སྐྱོད་ལ་ཕེབས་པའི་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་གཞོན་པ་ཐོ་མ་སི་ཌོ་ནི་ལོན་དང་རྒྱལ་ཡོངས་དཔལ་འབྱོར་ལྷན་ཚོགས་ཀྱི་ཚོགས་གཙོ་ལེ་རི་ས་མར་སི་རྣམ་གཉིས་ལྷན་ཚོགས་འདུ་གནང་བའི་རྗེས་རྒྱ་ནག་སྲིད་འཛིན་གྱིས་གོང་ཞུས་བཀའ་མོལ་དེ་གསུང་ཡོད་པ་རེད།

ཨ་རིའི་དཔོན་རིགས་གཉིས་པོས་རྒྱ་ནག་ནང་ཉིན་གསུམ་བཞུགས་ཡུན་རིང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་དང་སྲིད་བློན་གཞོན་པ་ལྦང་ཆི་ཧྲན་ དེ་བཞིན་རྒྱ་གཞུང་གི་དཔལ་འབྱོར་ལས་དོན་དང་འབྲེལ་བའི་མཐོ་རིམ་དཔོན་རིགས་ཁག་ཅིག་ལྷན་ཐུག་འཕྲད་གནང་ཡོད་ཅིང༌། གཟིགས་སྐོར་མཇུག་སྒྲིལ་དང་སྟབས་བསྟུན་ཨ་མི་རི་ཀའི་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་གནང་ཡོད་པའི་ནང༌། ཕྱོགས་གཉིས་དབར་བྱང་ཀོ་རི་ཡ་དང་ཨི་རན་གྱི་རྡུལ་ཕྲན་ལས་འཆར། གཞན་ཡང་རྒྱལ་སྤྱིའི་ཚོང་ལས་དང་འབྲེལ་བའི་གནད་དོན་སྐོར་བཀའ་མོལ་ལྷུག་པོ་གནང་རྒྱུ་བྱུང་ཡོད་སྐོར་གསུངས་ཏེ། ཨ་རི་དང་རྒྱ་ནག་གཉིས་དབར་མཉམ་འབྲེལ་གནང་རྒྱུའི་ཁས་ལེན་གནང་ཡོད་རུང༌། ཕྱོགས་གཉིས་དབར་མི་མཐུན་པའི་གནད་དོན་རིགས་བྱུང་ཚེ་། ཨ་རིའི་ངོས་ནས་སྦས་གསང་མེད་པར་ཐད་ཀར་བཀའ་མོལ་གནང་རྒྱུ་ཡིན་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎