ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་མི་དམངས་དང་མཉམ་བཞུགས་མོལ་གནང་འདུག


2019.09.26
ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་མི་དམངས་དང་མཉམ་བཞུགས་མོལ་གནང་སྐབས། ༢༠༡༩།༩།༢༦ ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་མི་དམངས་དང་མཉམ་བཞུགས་མོལ་གནང་སྐབས། ༢༠༡༩།༩།༢༦
Reuters

དམ་དྲག་གི་གནས་སྟངས་འོག་ནས་ཧོང་ཀོང་གི་སྤྱི་ཁྱབ་པས་མི་དམངས་དང་མཉམ་དུ་བཞུགས་མོལ་ཐོག་མ་གནང་འདུག
འདི་ཚེས་༢༦་རེས་གཟའ་ཕུར་བུའི་ཉིན། ཧོང་ཀོང་གི་སྤྱི་ཁྱབ་ལྕམ་(Carrie Lam)་ལགས་གྲོང་སྡེའི་མི་མང་ལྷན་ཚོགས་ཤིག་གི་སར་ཕེབས་ནས། ཧོང་ཀོང་ནང་གི་ད་ལྟའི་དཀའ་རྙོག་སེལ་ཐབས་སུ་བཞུགས་མོལ་ལྷན་ཚོགས་གནང་ཡོད་པ་དང་། དེ་ནི་འདས་པའི་ཟླ་བ་གསུམ་ལྷག་རིང་དམངས་གཙོའི་ལས་འགུལ་སྤེལ་མཁན་ཚོས་ཧོང་ཀོང་གཞུང་ལ་ངོ་རྒོལ་བསྟུད་མར་བྱས་པའི་རྗེས་སུ། ཧོང་ཀོང་གི་དབུ་ཁྲིད་ནས་མི་དམངས་དང་ལྷན་གྲོས་བསྡུར་གནང་བ་ཐོག་མ་དེ་ཡིན་པ་རེད།
ཧོང་ཀོང་གི་སྤྱི་ཁྱབ་ཀྱིས་མི་དམངས་དང་ལྷན་དུ་ཐད་ཀར་གྲོས་བསྡུར་མ་གནང་བའི་ཚོུད་གཅིག་ཙམ་གྱི་གོང་དུ། ལྕམ་(Carrie Lam)་ལགས་ཀྱིས་ངོ་དེབ་སྟེང་། མི་དམངས་སོ་སོའི་ལངས་ཕྱོགས་གང་འདྲ་ཞིག་ཡིན་མིན་ལ་མ་ལྟོས་པར། ང་ཚོ་ཚང་མས་ཧོང་ཀོང་གི་ཁེ་ཕན་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཞེས་བཀོད་ཡོད་འདུག
འོན་ཀྱང་བཞུགས་མོལ་ལྷན་ཚོགས་དེིའི་ཐོག ཧོང་ཀོང་གི་སྤྱི་ཁྱབ་ལྕམ་(Carrie Lam)་ནས་དང་ལེན་ག་རེ་གནང་འཆར་ཡོད་མེད་དང་། དེ་བཞིན་དམངས་གཙོ་དང་རང་དབང་ཆེད་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོས་ལྷན་ཚོགས་དེ་ཚོགས་རྒྱུར་བར་ཆད་གཏོང་འཆར་ཡོད་མེད་སོགས་ད་ལྟ་གསལ་པོ་མིན་འདུག་ལ་ལྕམ་(Carrie Lam)་དང་རྒྱ་ནག་གཞུང་གཉིས་ཀས་ངོ་རྒོལ་བའི་དགོས་འདུན་ལ་དམིགས་བསལ་དགོངས་བཞེས་གནང་འཆར་མེད་ལུགས་གསུངས་ཡོད་པ་རེད།
ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཚོས་ཉེན་རྟོག་པས་ལས་འགུལ་སྤེལ་མཁན་ཐོག་སྡུག་རྩུབ་ཀྱིས་དྲག་གནོན་བྱས་པའི་ཐོག་རང་དབང་ཅན་གྱི་ཚོགས་ཆུང་ཞིག་གིས་འདྲི་ཞིབ་བྱ་དགོས་པ་དང་། ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས་མི་གྲངས་༡༥༠༠་ཙམ་འཛིན་བཟུང་བྱས་ཡོད་པ་དེ་དག་ལ་ཉེས་ཆད་གུ་ཡངས་དགོས་པ། དེ་བཞིན་རང་དབང་ཆ་ཚང་ཡོད་པའི་ཐོག་ནས་འོས་བསྡུ་གནང་དགོས་པ་སོགས་ཀྱི་དགོས་འདུན་འདོན་བཞིན་པ་རེད།
ཚེས་༢༥་ཉིན་ཧོང་ཀོང་ནང་ཡོད་པའི་རྒྱ་ནག་གི་སྐུ་ཚབ་ནས་དགོས་འདུན་དེ་ཚོ་ནི་ཆབ་སྲིད་ཀྱི་སྡིགས་སྐུལ་ཧམ་འཕྲོག་ལྟ་བུ་ཡིན་ལུགས་བཤད་འདུག
ཚེས་༢༦་ཉིན། མི་དམངས་ཀྱི་བཞུགས་མོལ་ལྷན་ཚོགས་དེར་མཉམ་བཞུགས་བྱ་ཆེད་མི་མང་ཁྲི་གཉིས་ལྷག་གིས་སྙན་ཞུ་ཕུལ་ཡོད་ཀྱང་། ཧོང་ཀོང་གཞུང་གིས་སྙན་ཞུ་ཕུལ་མཁན་ནང་ནས་མི་གྲངས་༡༥༠་ཙམ་རྒྱན་ཤོག་གི་ལམ་ནས་འདེམས་སྒྲུག་གནང་ཡོད་པ་དང་། འདེམས་སྒྲུག་བྱུང་བའི་མི་སྣ་མཉམ་ཞུགས་གནང་མཁན་ཚོས་ཉི་གདུགས་དང་། ལྕགས་ཞྭ། འབག འཕྲེད་དར་སོགས་འཁྱེར་མི་ཆོག་པའི་བཀོད་ཁྱབ་བཏང་ནས་དམ་དྲག་ཆེན་པོའི་ངང་བཞུགས་མོལ་ལྷན་ཚོགས་གནང་བཞིན་ཡོད་འདུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎