ཧོང་ཀོང་ནང་མང་གཙོ་དོན་གཉེར་བས་རྒྱ་ནག་གི་གྲོས་གཞི་ལ་ངོ་རྒོལ།


2015.06.15
ཧོང་ཀོང་ནང་མང་གཙོ་ངོན་གཉེར་བས་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ། ༢༠༡༥།༦ ཧོང་ཀོང་ནང་མང་གཙོ་ངོན་གཉེར་བས་ངོ་རྒོལ་ལས་འགུལ་སྤེལ་བཞིན་པ། ༢༠༡༥།༦
忻霖摄

རྒྱ་ནག་གཞུང་གིས་བཏོན་པའི་འཆར་གཞི་དེར་ཧོང་ཀོང་གྲོས་ཚོགས་ནས་ཕམ་ཉེས་གཏོང་དགོས་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག
དེ་ཡང་ཧོང་ཀོང་ནང་ཡོད་པའི་མང་གཙོ་དོན་གཉེར་ཅན་ཚོས་ཁ་ས་ཚེས༡༤རེས་གཟའ་ཉི་མའི་ཉིན། ཧོང་ཀོང་གི་རྒྱ་ལམ་ཐོག་ཏུ་ཐོན་ནས་ཧོང་ཀོང་གི་ཆབ་སྲིད་ལམ་ལུགས་བསྒྱུར་བཅོས་གཏོང་རྒྱུའི་ཐད་རྒྱ་ནག་གཞུང་གིས་བཏོན་པའི་འཆར་གཞི་དེར་གྲོས་ཚོགས་ནས་ཕམ་ཉེས་གཏོང་དགོས་པའི་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་དང་། མ་འོངས་པའི་ཧོང་ཀོང་ས་གནས་སྲིད་གཞུང་གི་དབུ་ཁྲིད་འདེམས་ཕྱོགས་ཐོག་རྒྱ་ནག་ནས་བཏོན་པའི་འཆར་གཞི་དེ་ནི་རྩོད་གཞི་ཅན་ཞིག་ཏུ་གྱུར་ཡོད་པ་ནི་དེར་རྒྱབ་སྐྱོར་བྱེད་མཁན་དང་། ངོ་རྒོལ་བྱེད་མཁན་ཁག་གཉིས་སུ་གྱེས་བཞིན་ཡོད་པ་རེད། ད་ལྟའི་ཆར་ཧོང་ཀོང་གི་འགོ་ཁྲིད་དེ་ནི་རྒྱ་ནག་གཞུང་ལ་བློ་དགའ་ཕྱོགས་པའི་ཚོགས་ཆུང་ནས་བསྐོ་བཞག་བྱེད་བཞིན་ཡོད་པ་རེད། འོན་ཀྱང་མ་འོངས་པའི་༢༠༡༧ལོའི་འགོ་ཁྲིད་འདེམས་ཕྱོགས་དེ་ཧོང་ཀོང་མི་དམངས་ནས་ཐད་ཀར་འོས་འདེམས་བྱ་རྒྱུའི་འདུན་པ་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་འགོ་ཁྲིད་མི་དམངས་ཀྱིས་འོས་འདེམས་བྱ་ཆོག་པའི་ཆོག་མཆན་སྤྲོད་རྒྱུ་ཡིན་ཡང་འགོ་ཁྲིད་ཀྱི་འོས་མི་ནི་ངེས་པར་དུ་རྒྱ་ནག་གཞུང་ལ་བློ་དགའ་ཕྱོགས་མཁན་གྱི་ཚོགས་ཆུང་དེ་ཡིས་བཏོན་དགོས་ཟེར་བཤད་པའི་གནད་དོན་དེའི་ཐོག་དང་ལེན་བྱེད་མིན་གྲོས་ཚོགས་ཐོག་འོས་ཤོག་འཕེན་པའི་ལམ་ནས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད། ད་རེས་ཀྱི་འཆར་གཞི་དེའི་ཐོག་རེས་གཟའ་ལྷག་པ་ནས་ཧོང་ཀོང་གྲོས་ཚོགས་ནང་བགྲོ་གླེང་འགོ་ཚུགས་ཏེ་གཟའ་འཁོར་དེའི་གཟའ་མཇུག་ནང་ཚུད་ལ་འཆར་གཞི་དེའི་ཐོག་ལ་གྲོས་ཚོགས་ཐོག་འོས་ཤོག་འཕེན་ཏེ་ཐག་གཅོད་བྱ་རྒྱུ་ཡིན་པ་དེ་ནི་ཧོང་ཀོང་གི་མ་འོངས་པའི་ཆབ་སྲིད་ཀྱི་ལམ་ལུགས་གང་འདྲ་ཞིག་ཏུ་བསྐྱོད་མིན་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་པ་རེད། ཁ་སའི་ངོ་རྒོལ་གྱི་ལས་འགུལ་དེའི་བརྒྱུད་རིམ་ནས་ཧོང་ཀོང་ས་གནས་ཉེན་རྟོག་པས་འབར་རྫས་དང་འབྲེལ་བ་ཡོད་པའི་ཧོང་ཀོང་གི་སློབ་ཕྲུག་དང་། དགེ་རྒན་གྱི་ལས་རོགས་གཙོས་པའི་ཧོང་ཀོང་མང་གཙོ་དོན་གཉེར་བ་མི་གྲངས་དགུ་ཙམ་འཛིན་བཟུང་བྱས་ཡོད་པ་ཧོང་ཀོང་གི་ས་གནས་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་ཀྱང་མི་སྣ་དེ་རྣམས་དོན་དངོས་སུ་འབར་རྫས་དང་འབྲེལ་བ་ཡོད་པའི་གནད་དོན་ཡིན་ནམ་ཡང་ན་འོས་བསྡུ་དང་འབྲེལ་བ་ཡོད་པའི་གནད་དོན་ཡིན་མིན་ཁ་གསལ་མེད་པ་རེད། ཡིན་ནའི་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནད་དོན་དེར་ཁས་ལེན་བྱེད་ཀྱི་མེད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

གསར་འགོད་པ་དབྱངས་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎