ཧོང་ཀོང་གི་རང་བཙན་འཐབ་རྩོད་པར་ཉེན་བརྡ་བཏང་བ།


2016.03.31
ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་མང་པོ་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༡༡།༢༥ ཧོང་ཀོང་ནང་དམངས་གཙོའི་ལས་འགུལ་བ་མང་པོ་འཇུ་བཟུང་བྱེད་བཞིན་པ། ༢༠༡༤།༡༡།༢༥
AFP

ཧོང་ཀོང་ས་གནས་སྲིད་གཞུང་ནས་རང་བཙན་ཚོགས་པ་དེབ་སྐྱེལ་བྱེད་རྒྱུར་ཉེན་བརྡ་བཏང་ནས་འགོག་རྐྱེན་བཟོ་བཞིན་ཡོད་པ།
དེ་ཡང་འདི་ཚེས༢༨བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན། ཧོང་ཀོང་ནང་གི་གཞོན་སྐྱེས་དང་སློབ་ཕྲུག་བཅུ་ཕྲག་འགའ་ཤས་ཀྱིས་Hong Kong National Partyའམ་ཧོང་ཀོང་རྒྱལ་ཡོངས་ཚོགས་པ་ཞེས་པ་ཞིག་དེབ་སྐྱེལ་བྱེད་རྒྱུ་ཡིན་ལུགས་གསལ་བསྒྲགས་བྱས་ཡོད་པ་རེད། ཡིན་ནའང་ཧོང་ཀོང་དང་མ་ཀའོ་འམ་ཨོ་མན་ས་གནས་སྲིད་གཞུང་འཛིན་སྐྱོང་ལྷན་ཁང་གིས། རང་བཙན་འཐབ་རྩོད་བྱེད་པ་ནི་ཧོང་ཀོང་གི་རྩ་ཁྲིམས་དང་འགལ་གྱི་ཡོད་རེད་ལ་དེས་ཧོང་ཀོང་གི་ཞི་བདེ་ལྷིང་འཇགས་ལ་གནོད་སྐྱོན་འགྲོ་གཞི་ཞིག་ཀྱང་རེད། དེ་འདྲ་སོང་ཙང་ང་ཚོས་དེའི་ཐོག་ཁྲིམས་ལུགས་གཞིར་བཟུང་ལག་ལེན་བསྟར་གྱི་ཡིན་ཞེས་འགྲེལ་བརྗོད་བྱས་ཡོད་འདུག ཡང་གནད་དོན་འདིའི་ཐོག་གོང་དུ་ཞུས་པའི་ཧོང་ཀོང་རྒྱལ་ཡོངས་ཚོགས་པས་། ང་ཚོའི་ཚོགས་པའི་ངོས་ནས་ཧོང་ཀོང་གི་ཞི་བདེ་ལྷིང་འཇགས་ལ་གནོད་ཚབས་གཏོང་གི་རེད་ཟེར་བ་ནི་མ་འོས་པའི་སྐད་ཆ་ཞིག་རེད་། གལ་སྲིད་རང་བཙན་ཟེར་བཤད་པ་ཙམ་གྱི་ནག་ཉེས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ན་། དེས་གཞི་རྩའི་རྩ་ཁྲིམས་དང་། ཆབ་སྲིད་ཀྱི་རྙོག་ཁྲ་ཡོང་སྲིད་པ་ཞིག་ཀྱང་རེད་ཅེས་ཕར་ཉེན་བརྡ་བཏང་ཡོད་པ་བཅས་གང་ལྟར་གོང་དུ་ཞུས་པའི་ཚོགས་པ་དེ་བཞིན་དངོས་སུ་དེབ་སྐྱེལ་བྱེད་རྒྱུར་ཧོང་ཀོང་ས་གནས་སྲིད་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་འགོག་རྐྱེན་བཟོ་བཞིན་ཡོད་འདུག
ཡང་གནད་དོན་འདིའི་ཐོག་ཧོང་ཀོང་གི་གྲོས་ཚོགས་འཐུས་མི་James Toལ་ཨེ་ཨེཕ་པི་གསར་འགོད་པས་དགོངས་ཚུལ་བཀའ་འདྲི་ཞུས་པའི་སྐབས་། གཞུང་འབྲེལ་གྱི་ཐོག་ནས་ཚོགས་པ་དེབ་སྐྱེལ་བྱེད་མ་ཐུབ་པ་ཡིན་ན། མ་འོངས་པར་འོས་བསྡུའི་འགྲན་བརྩོད་ནང་མཉམ་ཞུགས་བྱེད་བཅུག་གི་མ་རེད་ཅེས་གསུངས་འདུག ཡིན་ནའང་ས་གནས་སྲིད་གཞུང་གི་འོས་བསྡུ་ལས་ཁང་ནས་འདི་བྱས་གང་ཡང་གསལ་བཤད་བྱས་མེད་པ་རེད། ཧོང་ཀོང་ནང་གི་མང་ཚོགས་དང་ལྷག་པར་དུ་གཞོན་སྐྱེས་ཚོས་རྒྱ་ནག་དབུས་གཞུང་ནས་མ་འོངས་པར་ཧོང་ཀོང་འདི་བཞིན་རྒྱ་ནག་ལྟབུའི་སྨྲ་བརྗོད་དང་གསར་འགོད་རང་དབང་སོགས་ཁ་ཡོད་ལག་ཡོད་མེད་པ་ཞིག་བཟོ་རྩིས་བྱེད་རྒྱུའི་ཉེན་ཁ་མཐོང་ནས་སྒེར་ལངས་ཀྱི་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།

གསར་འགོད་པ་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎