ཧོང་ཀོང་དུ་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་ཆེ་རུ་གཏོང་འཆར།

ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་འདེམས་ཕྱོགས་ནང་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་ཕྲན་བུའི་རྒྱ་ཆེར་གཏོང་རྒྱུར་མོས་མཐུན།

2010.06.24

༄༅༎ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་འདེམས་ཕྱོགས་ནང་མང་ཚོགས་ཀྱི་འོས་བསྡུའི་ཐོབ་ཐང་ཕྲན་བུའི་རྒྱ་ཆེར་གཏོང་རྒྱུར་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་མོས་མཐུན་བྱུང་ཡོད་པའི་གནས་ཚུལ་ཐོན་འདུག་༎

ཧོང་ཀོང་ས་གནས་དེ་བཞིན་སྤྱིར་དམངས་གཙོའི་རང་དབང་ལྡན་པའི་སྤྱི་ཚོགས་དང་དམངས་གཙོའི་གཞུང་སྲིད་ལམ་ལུགས་ཡིན་ཡང་ ས་གནས་ཀྱི་འགོ་ཁྲིད་འདེམས་ཕྱོགས་ནང་ ཚད་ལྡན་དམངས་གཙོའི་ལམ་ལུགས་ལྟར་མི་གཅིག་ལ་འོས་གཅིག་ཅེས་པའི་ཐོབ་ཐང་མེད་པ་རེད་  ད་ཡོད་ཧོང་ཀོང་ས་གནས་ཀྱི་འོས་བསྡུའི་སྒྲིག་གཞིའི་ནང་ ས་གནས་སྲིད་གཞུང་གི་སྤྱི་ཁྱབ་དེ་བཞིན་མི་མང་གི་ཐད་ཀར་འོས་འདེམས་བྱས་པ་མ་ཡིན་པར་ རྒྱ་ནག་གཞུང་གི་བཀོད་སྡོམ་འོག་འཐུས་མི་༨༠༠ལས་གྲུབ་པའི་ཚོགས་ཆུང་གི་བསྐོ་འདེམས་བྱེད་ཀྱི་ཡོད་པ་རེད་  ཧོང་ཀོང་གི་གྲོས་ཚོགས་ནང་དམངས་གཙོ་ཚོགས་པས་སྣེ་འཁྲིད་དེ་ ས་གནས་སྲིད་གཞུང་གི་སྤྱི་ཁྱབ་བསྐོ་འདེམས་བྱེད་ཕྱོགས་ཀྱི་འོས་བསྡུའི་སྒྲིག་གཞིར་བཅོས་བསྒྱུར་གཏོང་ཐབས་ཀྱི་འཐབ་རྩོད་བྱས་པ་བརྒྱུད་ ཁ་ས་འོས་བསྡུའི་སྒྲིག་གཞི་ཁག་ཅིག་ལ་བཅོས་བསྒྱུར་གྱི་གྲོས་འཆར་དེར་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་པ་རེད་ གྲོས་འཆར་དེའི་ནང་ཧོང་ཀོང་ས་གནས་སྲིད་གཞུང་གི་སྤྱི་ཁྱབ་འདེམས་བསྐོ་བྱེད་སྲོལ་ནང་ ད་ཡོད་ཚོགས་ཆུང་གི་ཚོགས་མི་༨༠༠ཚད་གཞི་ཡོད་པ་དེ་༢༠༡༢ནང་ཚུད་ཚོགས་མི་༡༢༠༠བར་རྒྱ་ཆེར་གཏོང་རྒྱུ་དང་ དེ་བཞིན་གྲོས་ཚོགས་ཀྱི་འཐུས་མིའི་ས་མིག་བཅུ་མང་དུ་གཏོང་རྒྱུ་མ་ཟད་ འཐུས་མི་དེ་དག་མི་མང་ནས་ཐད་ཀར་འོས་བསྡུ་བྱ་རྒྱུ་ལས་ ཚོགས་ཆུང་གི་བསྐོ་གཞག་བྱ་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད་པ་རེད་ གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་འོས་བསྡུའི་སྒྲིག་གཞིར་བཅོས་བསྒྱུར་གྱི་བགྲོ་གླེང་བྱེད་པའི་སྐབས་ གྲོས་ཚོགས་ཀྱི་ཕྱི་ལ་མི་མང་བརྒྱ་ཕྲག་མང་པོ་འདུ་འཛོམས་བྱས་ཐོག་མི་མང་ནས་ཐད་ཀར་འོས་བསྡུའི་ཐོབ་ཐང་ཆེ་ཙམ་དགོས་པའི་རྔམ་སྟོན་བྱེད་བཞིན་པ་དང་ བདེ་འཇགས་སྲུང་སྐྱོབ་ཀྱི་དོན་དུ་ཉེན་རྟོག་སྐོར་བྱ་བ་བརྒྱ་ཕྲག་མང་པོ་འགྲེམས་འཇོག་བྱས་ཡོད་འདུག་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎